འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གཅིག་ནང་གཞོན་ནུ་ལོ་ཆུང་ཁྲི་3000ལས་བརྒལ་བ་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་
    དེབ་ཀློག་པའི་སློབ་གསོའི་བྱེད་སྒོའི་ནང་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན“དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་ལ་ཉན་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོའི་སྐབས་25པའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་པ་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བྱ་དགའ་ཐོབ་པའི་དགེ་སློབ་ཀྱི་འཐུས་མི་1000ལྷག་ཙམ་ཚོགས་ཆེན་ལ་ཞུགས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཅིག་ནང་རྒྱལ་ཡོངས་ས་གནས་ཁག་གིས་སློབ་གྲྭ་བྱེད་སྒོ་སྤེལ་ཡུལ་གཙོ་བོར་བྱས་ཏེ་སྡེ་ཁུལ་དང་ཁྱིམ་ཚང་ལ་ཁྱབ་པ་བྱེད་པ་དང་། སློབ་གསོར་བརྟེན་ནས་ལག་ལེན་ལ་ཁྲིད་སྟོན་བྱེད་པ། ལག་ལེན་ལ་བརྟེན་ནས་སློབ་གསོ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་པས་གཞོན་ནུ་ལོ་ཆུང་ཁྲི་3000ལས་བརྒལ་བ་གཏམ་རྒྱུད་འགྲན་བསྡུར་དང་། གཏམ་བཤད་འགྲན་བསྡུར། ཤེས་བྱའི་འགྲན་བསྡུར་སོགས་བརྗོད་དོན་གཙོ་བོའི་དཔེ་དེབ་ཀློག་པའི་ལག་ལེན་དངོས་ཀྱི་བྱེད་སྒོའི་ནང་ཞུགས་ཏེ་མྱོང་ཚོར་སྤེལ་རེས་དང་། ཕུགས་བསམ་བརྟན་པོ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་བཅས་བྱས་པ་རེད།
         ཚོགས་འདུའི་ཐོག་ཧོ་པེའི་དགེ་རྒན་གྱི་འཐུས་མི་ཀྲང་ལི་ཡིས་དཔེ་དེབ་ཀློག་པའི་བྱེད་སྒོ་སྒྲིག་འཛུགས་བྱས་པའི་ཉམས་མྱོང་སྤེལ་རེས་བྱས་པ་སྟེ། “རྒྱལ་གཅེས་རིང་ལུགས་ཀྱི་དཔེ་དེབ་ཀློག་པའི་སློབ་གསོའི་བྱེད་སྒོ་ལས་དཔེ་དེབ་ཀློག་མཁན་ཕྲུ་གུ་ཚོའི་སྤྲོ་བ་འཕེལ་བ་དང་། གསར་གཏོད་ཀྱི་སྙིང་སྟོབས་འཕེལ་བ། སྤྱི་ཚོགས་དང་འཚམ་ཐུབ་པ་བྱེད་པའི་ཕྲུ་གུ་ཚོའི་ནུས་པ་དང་གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་བྱུང་ཡོད”ཅེས་པའོ། སི་ཁྲོན་དང་། ཀོང་ཤིས། ཧྲན་ཏུང་། ཨན་ཧུའེ་སོགས་ནས་ཡོང་བའི་སློབ་མའི་འཐུས་མི་ལིའུ་ཙེ་ཡུས་དང་། ཁྲེན་ཤིས། སུའུ་ཙེ་ཆིང་། ཀྲང་ལེ་ཞན་བཅས་བཞི་པོས་རང་རང་སོ་སོ་དཔེ་དེབ་ཀློག་པའི་བྱེད་སྒོའི་ནང་ཞུཌ་པའི་གྲུབ་འབྲས་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་རེད།
         ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་དེབ་ཀློག་པའི་སློབ་གསོའི་བྱེད་སྒོ་སྐབས་26པ་འགོ་བཙུགས་པ་དང་《དུས་རབས་གསར་པར་སྐྱོད། སྒྱུར་བཅོས་ཀྱི་ལེའུ་གསར་པ་བརྩམས་》ཞེས་པའི་ཀློག་དེབ་རབ་དང་རིམ་པ་དངོས་སུ་འགྲེམས་སྤེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།