འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་མཐོ་སློབ་སློབ་མའི་སེམས་ཁམས་ཉམས་ཉེན་སྔོན་འགོག་དང་འཕྲལ་ལན་བྱེད་པའི་
    ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུས་《མཐོ་སློབ་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོའི་མཛུབ་ཁྲིད་རྩ་གནད་》(གཤམ་དུ་《རྩ་གནད་》ཅེས་བསྡུ་རྒྱུ)བཀྲམ་སྟེ། སེམས་ཁམས་ཉམས་ཉེན་སྔོན་འགོག་དང་འཕྲལ་ལན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སློབ་གྲྭ་དང་། ཚན་ཁག འཛིན་གྲྭ ཉལ་ཁང་བཅས་ཀྱི“རིམ་བཞིའི”ཉེན་བརྡ་དང་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ། སེམས་ཁམས་ཉམས་ཉེན་སྔོན་འགོག་ལས་དོན་གྱི་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སེམས་ཁམས་ལ་ཉམས་ཉེན་བྱུང་བའི་སློབ་མར་རྗེས་སྙེག་ཞབས་འདེགས་ཡག་པོ་ཞུ་དགོས་པ་དང་དམིགས་བསལ་དུས་སྐབས་དང་དུས་ཚིགས་མི་འདྲ་བའི་སེམས་ཁམས་ཉམས་ཉེན་སྔོན་འགོག་དང་བཀག་འགོག་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྣང་ཆེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
            《རྩ་གནད་》ནང་སེམས་ཁམས་བདེ་ཐང་གི་སློབ་གསོ་ནི་སློབ་ཆེན་སློབ་མའི་བསམ་པའི་བྱང་ཚད་མཐོ་རུ་གཏོང་བ་དང་སློབ་མའི་ལུས་སེམས་བདེ་ཐང་དང་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སློབ་གསོ་དང་། མཐོ་སློབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན། མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་ནང་དོན་གལ་ཆེན་བཅས་རེད། དེས་ན་སློབ་མས་བདེན་ཁེ་དང་། སྤྱི་སྒེར། རྒྱལ་ཕམ། ཐོབ་ཤོར་བཅས་ལ་ངོས་འཛིན་ཡང་དག་ཐུབ་པའི་ཁྲིད་སྟོན་བྱས་ཏེ་སློབ་མའི་རང་བཀུར་རང་གཅེས་དང་། དཔྱོད་ཤེས་ཞི་དུལ། འབད་འབུངས་ཡར་བརྩོན་བཅས་ཀྱི་བདེ་ཐང་སེམས་ཁམས་སྐྱེད་སྲིང་བྱས་ནས་སློབ་མའི་སེམས་ཁམས་བདེ་ཐང་གི་བྱང་ཚད་དང་། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད། ཚན་རིག་རིག་གནས་ཀྱི་བྱང་ཚད་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
           《རྩ་གནད་》ནང་འཁོད་པའི་ལས་འགན་གཙོ་བོའི་གྲས་སུ། སེམས་ཁམས་བདེ་ཐང་སློབ་གསོའི་སློབ་ཚན་དེ་སློབ་གྲྭ་ཡོངས་ཀྱི་སློབ་ཁྲིད་ཀྱི་འཆར་གཞིར་བཅུག་སྟེ། སློབ་ཚན་བཀོད་སྒྲིག་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་། སློབ་བུ་གསར་པར་སེམས་ཁམས་བདེ་ཐང་སློབ་གསོའི་སྤྱི་པའི་ངེས་སྦྱོང་སློབ་ཚན་བཀོད་སྒྲིག་བྱེད་པ། སློབ་མ་ཡོངས་ལ་ཕྱོགས་པའི་སེམས་ཁམས་བདེ་ཐང་སློབ་གསོའི་འདེམས་སྦྱོང་དང་ཟུར་སྦྱོང་སློབ་ཚན་འཚོག་རྒྱུའི་ཁྲིད་སྟོན་ཤུགས་ཆེན་བཅས་བྱས་ནས་སློབ་ཆེན་སློབ་མའི་སེམས་ཁམས་བདེ་ཐང་སློབ་གསོ་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་དང་། སེམས་ཁམས་བདེ་ཐང་སློབ་གསོའི་ཟླ་བ་དང“5·25”སློབ་ཆེན་སློབ་མའི་སེམས་ཁམས་བདེ་ཐང་དུས་ཆེན་སོགས་སྣ་མང་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་དེ་བཞིན་སློབ་ཆེན་སློབ་མའི་ལུས་སེམས་བདེ་ཐང་ལ་ཕན་པའི་རིག་གནས་དང་ལུས་རྩལ་གྱི་རོལ་རྩེད་བྱེད་སྒོ་དང་སེམས་ཁམས་བྱང་ཚད་མཐོ་རུ་གཏོང་བའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་སེམས་ཁམས་བདེ་ཐང་སློབ་གསོའི་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། སེམས་ཁམས་འཕེལ་རྒྱས་ཀྱི་ཟུར་ཁྲིད་ཁང་དང་། སེམས་ཁམས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཁང་། ཡར་ཐོན་སེམས་ཁམས་མྱོང་རོལ་ལྟེ་གནས། སྡེ་ཚོགས་བྱེད་སྒོ་ཁང་། ཕྱོགས་བསྡུས་བྱང་ཚད་སྦྱོང་བརྡར་ཁང་སོགས་འཛུགས་རྒྱུ་མ་ཟད། སློབ་གསོ་དང་མཛུབ་སྟོན། བློ་འདྲི་དང་རང་རྟེན། རང་རྟེན་དང་གཞན་རྟེན་བཅས་ཟུང་འབྲེལ་དམ་ཟབ་ཀྱི་སེམས་ཁམས་བདེ་ཐང་སློབ་གསོ་དང་བློ་འདྲི་ཞབས་ཞུའི་མ་ལག་ཀྱང་ཧུར་ཐག་འཛུགས་རྒྱུ། སེམས་ཁམས་ཉམས་ཉེན་གཞན་བརྒྱུད་སྨན་བཅོས་ལམ་སྲོལ་འཛུགས་པ་དང་། སློབ་གྲྭའི་སེམས་ཁམས་བདེ་ཐང་སློབ་གསོ་དང་བློ་འདྲིའི་སྒྲིག་གཞི་ནས་སློབ་གྲྭའི་སྨན་ཁང་དང་བསམ་པའི་འཕྲོད་བསྟེན་ཆེད་ལས་སྒྲིག་གཞིའི་བར་གྱི་སེམས་ཁམས་ཉམས་ཉེན་གཞན་བརྒྱུད་ཀྱི་ཐོགས་མེད་འགྲོ་ལམ་ཤར་གཏོང་ཐུབ་པར་བྱས་ཏེ། སེམས་ཁམས་དང་བསམ་པའི་ནད་གཞི་ཚབས་ཆེན་ཕོག་བཟོ་ཡོད་པའི་སློབ་མ་ཆེད་ལས་སྒྲིག་གཞིར་ནད་བརྟག་དང་སྨན་བཅོས་བྱེད་པར་དུས་ཐོག་ཏུ་སྐྱེལ་རྒྱུ་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།