འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་འགྲན་
    བསྡུར་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་འགྲན་
བསྡུར་མཇུག་འགྲིལ་བ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་དང་སྐབས་བཞི་བའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ་7ཚེས་15ཉིན་འགོ་ཚུགས་པ་དང་། ཉིན་གཉིས་རིང་གི་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད།  ཆུ་རྐྱལ་འགྲན་བསྡུར་མཇུག་འགྲིལ་བ་དང་། ཁྱོན་ཨང་དང་པོ་8ཐོན་ཡོད་པ་རེད།
         འགྲན་བསྡུར་ཁྲོད་།  ལུས་རྩལ་པ་ཚོས་འབད་པ་ཆེན་པོས་གཅིག་ལ་གཅིག་འགྲན་བྱེད་ཀྱི་ཡོད་།  རྣམ་གྲངས་སོ་སོའི་འགྲན་ཞུགས་པ་ཚོས་འགྲན་བསྡུར་ཡག་པོ་བྱས་ཡོད་པ་རེད། མི་རྣམས་ཀྱིས་རེ་སྒུག་ཆེ་པོ་བྱེད་པ་ནི་སྐྱེས་པའི་སྨི་200ཡི་སྦལ་རྐྱལ་འགྲན་བསྡུར་དང་སྨི་100ཡི་རང་མོས་ཆུ་རྐྱལ་རྣམ་གྲངས་གཉིས་ཡིན་པ་རེད།  རྣམ་གྲངས་འདི་གཉིས་ལ་ཞུགས་མཁན་ཡང་མང་པོ་ཡོད་ལ། འགྲན་ཞུགས་པའི་དངོས་ཡོད་ནུས་པ་འདྲ་པོ་ཡོད་ཅིང་། འགྲན་བསྡུར་བྱེད་སྐབས་ཛ་དྲག་ཆེན་པོ་ཡོད་པ་རེད། ཆུ་ཚོད་1ལྷག་གི་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད།  ཆེས་མཐའ་མ་སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་མི་ཚོགས་པའི་འགྲན་ཞུགས་པ་སྤེན་པ་ཚེ་རིང་གིས་གཉིས་ཀའི་ཨང་དང་པོ་བླངས་པ་རེད།
    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཉིས་པའི་ལུས་རྩལ་འགྲན་ཚོགས་ཀྱི་ཆུ་རྐྱལ་འགྲན་
བསྡུར་མཇུག་འགྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།