འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་མཚོ་སྔོན་གྱི་གངས་དཀར་བྱེས་བགྲོད་འགྲན་བསྡུར་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན་གྱི་ཉིན་དགུང་སྤྱི་ལེ་བརྒྱའི་ཚོགས་ཆུང་གི་བདམས་ཐོན་པ་མཇུག་ཤོས་དེ་མཐའ་སྣེར་འབྱོར་བ་དང་སྦྲགས། 2018ལོའི་མཚོ་སྔོན་འཇུ་ལག་གངས་དཀར་བྱེས་བགྲོད་འགྲན་བསྡུར་མཇུག་འགྲིལ་བ་དང་། ཁྱོན་བདམས་ཐོན་པ་500ཙམ་འགྲན་བསྡུར་ལ་ཞུགས་པ་རེད།
         ད་ཐེངས་ཀྱི་འགྲན་བསྡུར་ནང་། བྱེས་བགྲོད་རྒྱུག་ཤར་དང་རི་མཐོར་མྱུར་འཛེག་གི་ཆ་ཤས་གཉིས་ཚུད་ཡོད་ཅིང་། བྱེས་བགྲོད་རྒྱུག་ཤར་འགྲན་བསྡུར་ཟླ་7ཚེས་14ཉིན་གྱི་ཞོགས་པར་འགོ་ཚུགས་ཏེ། སྤྱི་ལེ་100དང་། སྤྱི་ལེ་50 སྤྱི་ལེ་25བཅས་ཀྱི་ཚོང་ལས་སློབ་གླིང་ཚོགས་ཆུང་དང་སྤྱི་ལེ་10ཡི་ཕ་མ་བུ་ཕྲུག་ཚོགས་ཆུང་གཉིས་སུ་དབྱེ་ཡོད། རི་མཐོར་མྱུར་འཛེག་འགྲན་བསྡུར་ཟླ་7ཚེས་15ཉིན་གཉེར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།