འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་ཀྱི་དངོས་གཞིའི་རྩོམ་སྒྲིག་ལས་དོན་ལེགས་སྒྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྩོམ་སྒྲིག་དུས་ཡུན་ལོ་ལྔ་ཙམ་སོང་བ་དང་། ཁྱོན་ཡིག་འབྲུ་ཁྲི་80ཡོད་པའི་《བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་》ཀྱི་དངོས་གཞིའི་རྩོམ་སྒྲིག་ལས་དོན་ཉིན་ཤས་གོང་ལེགས་སྒྲུབ་ཟིན་ཞིང་། དེ་ནི་བོད་དུ་ཆ་ལག་ཚང་བ་དང་ཁྱོན་ཡོངས་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་དང་པོ་དེ་ཡིན་པ་དང་ཕྱི་ལོ་དངོས་སུ་དཔེ་སྐྲུན་བྱ་རྩིས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་》ཀྱི་རྩོམ་སྒྲིག་ལས་དོན་དེ་2013ལོར་འགོ་བཙུགས་པ་དང་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་། བོད་ལྗོངས་མི་རིགས་སློབ་ཆེན། བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན་སོགས་སྒྲིག་གཞིའི་རིགས་གཅིག་མཁས་ཅན་དང་མཁས་དབང་20ལྷག་ཙམ་ཞུགས་ཡོད་པ་རེད། དཔེ་དེབ་ཆ་ཚང་ལ་ཁྱོན་བམ་པོ་གསུམ་ཡོད་པ་དང་། 1951ལོ་ནས་2016ལོ་བར་གྱི་རྩོམ་པ་པོ་160ལྷག་ཙམ་གྱི་བརྩམས་ཆོས་ཆིག་སྟོང་ལྷག་ཙམ་བསྡུས་ཡོད། ནང་དོན་ཁོངས་སུ་བརྩམས་སྒྲུང་དང་། སྙན་ངག ལྷུག་རྩོམ། ཟློས་གར་དང་། གློག་བརྙན་བརྙན་འཕྲིན་རྩོམ་རིག་སོགས་ཚུད་པ་མ་ཟད། ཟུར་དུ་འབྲེལ་ཡོད་བརྩམས་ཆོས་ཀྱི་མྱོང་རོལ་བཀོད་ཡོད་པ་རེད།
         《བོད་ཀྱི་དེང་རབས་རྩོམ་རིག་ལོ་རྒྱུས་》ཀྱི་འགན་འཁུར་རྩོམ་སྒྲིག་པ་གཞོན་པ་ལན་གོ་ཧྭ་ཡིས། དེབ་དེར་བསྡུ་རུབ་བྱས་པའི་ནང་དོན་རྒྱ་ཆེ་བ་དང་། དམངས་ཁྲོད་རྩོམ་རིག་དང་ཡིག་སྒྱུར་རྩོམ་རིག་གི་ཁྱབ་ཁོངས་ཀྱང་ངོ་སྤྲོད་ཞིབ་ཕྲ་བྱས་ཡོད་པ་མ་ཟད། དེབ་ནང་གི་བོད་རིགས་རྩོམ་པ་པོ་དང་དེ་བཞིན་འབྲེལ་ཡོད་བརྩམས་ཆོས་ཀྱི་བསྡུར་གྲངས་གསུམ་ཆ་གཅིག་ཟིན་པ་དེ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ལོ་རྒྱུས་ཤེས་རྟོགས་བྱེད་པའི་དཔྱད་གཞིའི་ཡིག་རིགས་ཧ་ཅང་ཡག་པོ་ཞིག་རེད། འཆར་འགོད་གཞིར་བཟུང་དཔེ་དེབ་ཀྱི་ནང་དོན་ཐད་ཁ་གསབ་དང་བཟོ་བཅོས་འོས་འཚམ་བྱས་རྗེས་ཕྱི་ལོ་དཔེ་སྐྲུན་ཁང་ལ་རྩིས་སྤྲད་དེ་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།