འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་
    ལས་དོན་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུས་མཚོ་སྔོན་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་ཤིང་། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ལུའོ་ཧྲུའུ་ཀང་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེང་ཀྲང་ཝང་ཅན་ཅུན་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ལུའོ་ཧྲུའུ་ཀང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རྒྱལ་ཡོངས་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་ལས་དོན་ལ་དམིགས་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རིག་གནས་བྱ་གཞག་དང་། རིག་གནས་ཐོན་ལས། ཡུལ་སྐོར་ལས་རིགས་བཅས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དངོས་པོའི་དཔལ་ཡོན་སྲོལ་གཏོད་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་གཏོང་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་རེ་བ་གསར་པ་སྐོང་བ་བཅས་ཀྱི་ཐོག་ནས་མང་ཚོགས་དབུལ་པོ་རྣམས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། སྒྱུ་རྩལ་གསར་རྩོམ་དང་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ནས། མང་ཚོགས་དབུལ་པོའི་དབུལ་སྒྲོལ་གྱི་ནང་གནས་སྒུལ་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས། མང་ཚོགས་དབུལ་པོའི་ཐོབ་ཚོར་ཆེ་རུ་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བྱ་ཐབས་སུ་བྱས་ནས། ས་ཁུལ་དབུལ་པོའི་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱ་རྒྱུ་གཙོ་རྐང་དུ་བྱས་ནས། ཡུལ་སྐོར་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་འགན་ལེན་དུ་བྱས་ནས། རིག་གནས་འཛུགས་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། གཅིག་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཁག་གི་ལེགས་ཆ་འདོན་སྤེལ་བྱས་ནས། རོགས་སྐྱོར་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། བྱེད་པོའི་ལེགས་ཆ་འདོན་སྤེལ་བྱས་ནས། ནང་གནས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་དང་ཚད་མཐོའི་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས། འགན་འཁྲི་ཁུར་ཕོད་པ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ་རིག་གནས་དང་ཡུལ་སྐོར་གྱི་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་པ་དང་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག་རིག་གནས་དང་ཡུལ་སྐོར་པུའི་མངོན་མིན་རིག་གནས་ཤུལ་བཞག་སི་དང་། པེ་ཅིང་གྲོང་ཁྱེར་རིག་གནས་ཅུས། ཧྥུའུ་ཅན་ཞིང་ཆེན་རིག་གནས་ཐིང་། ཀོང་ཏུང་ཞིང་ཆེན་རིག་གནས་ཐིང་། ཡུན་ནན་ཞིང་ཆེན་རྒྱལ་མོ་རྔུལ་ཆུ་ཀྲོའུ་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔེ་སྐྲུན་ཐིང་བཅས་ཚན་པ་6གི་འཐུས་མིས་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་སྤེལ་བ་དང་། ཝང་ཞའོ་ཧྥུང་དང་ཀྲང་ལི་རྣམ་གཉིས་ཀྱིས་《ཤིན་ཏུ་དབུལ་བའི་ས་ཁུལ་གྱི་རིག་གནས་འཛུགས་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལས་ཀའི་ལག་བསྟར་ཇུས་གཞིར(2018ལོ་ནས་2020ལོ་བར)》ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་། མཚོན་བྱེད་རང་བཞིན་ལྡན་པའི་རྣམ་གྲངས་ཁག་གཅིག་ལ་རོགས་སྐྱོར་བྱེད་མཁན་ཚན་པ་དང་རོགས་སྐྱོར་ཐོབ་མཁན་ཚན་པས་ཚོགས་འདུ་འཚོག་ཡུལ་དུ་གན་རྒྱ་བཞག་པ་རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རིག་གནས་དང་ཡུལ་སྐོར་པུའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། རིག་གནས་དང་ཡུལ་སྐོར་པུའི་འབྲེལ་ཡོད་སི་དང་ཅུས་དང་ཐད་གཏོགས་ཚན་པའི་འགན་འཁུར་བློ་མཐུན། སི་ཁྲོན་དང་། ཡུན་ནན། བོད་ལྗོངས། ཀན་སུའུ། མཚོ་སྔོན། ཤིན་ཅང་བཅས་ཀྱི་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་དེ་བཞིན་སི་ཁྲོན་ལེང་ཧྲན་ཀྲོའུ་དང་། ཡུན་ནན་རྒྱལ་མོ་རྔུལ་ཆུ་ཀྲོའུ། ཀན་སུའུ་ཉིང་ཞ་ཀྲོའུ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར། ཤིན་ཅང་ཧོ་ཐེན་ས་ཁུལ་སོགས་ཀྲོའུ(གྲོང་ཁྱེར)སྲིད་གཞུང་15ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཤིན་ཏུ་དབུལ་བའི་ས་ཁུལ་22ཀྱི་ཞིང་ཆེན་དང་གྲོང་ཁྱེར་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།