འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་92.1%ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་15ཉིན། 《2018ལོའི་ཀྲུང་གོ་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་ཀྱི་ལོ་འཁོར་སྙན་ཞུ》པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་དང་སྙན་ཞུའི་ཐོག་ནས་མངོན་པར། 2017ལོའི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ལོ་ཕྱེད་སོང་རྗེས་ལས་ཞུགས་བྱེད་ཚད་92.1%ཟིན་ནས་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་3860ཟིན་གྱི་ཡོད་པ་རེད། 2014ལོའི་སློབ་ཐོན་སློབ་མ་སློབ་གྲྭ་ཐོན་ནས་ལོ་གསུམ་སོང་རྗེས་རང་བརྟེན་ལས་གཏོད་བྱས་པའི་བསྡུར་གྲངས་8.5%ཟིན་ཡོད་པ་རེད། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་གསོས་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་མངོན་ནས་གྲོང་གསེབ་དར་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ཁྱད་ཆོས་གསར་པ་མངོན་བཞིན་ཡོད་པ་རེད།
         སྙན་ཞུའི་ཐོག་ནས་མངོན་དོན། 2017ལོའི་མཐོ་རིམ་ལས་རིགས་སློབ་གྲྭས་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་མངོན་ནས“ཆེད་ལས་འདེགས་སྐྱོར་+ཐོན་ལས་དབུལ་སྐྱོར”དང“ཚོགས་སྒྲིག་རྣམ་པའི་དབུལ་སྐྱོར”སོགས་ཁྱད་ལྡན་རྣམ་པ་ཆགས་ཡོད་པ་རེད། སློབ་གྲྭ་དང་གྲོང་གསེབ་མཉམ་ལས་དང་སློབ་གྲྭ་དང་གྲོང་རྡལ་མཉམ་ལས་བྱེད་པ་དེ་གྲོང་གསེབ་དར་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁྱད་ཆོས་གསར་པར་གྱུར་བ་དང་དབུས་ནུབ་རྒྱུད་ཀྱི་ས་ཁུལ་གྱི་སློབ་གྲྭ་ཁག་གཅིག་ས་གནས་དེ་ག་འཕེལ་རྒྱས་གཏོང་བའི་ས་གཤིས་མཚོན་རྟགས་སུ་འགྱུར་བཞིན་ཡོད། དེའི་ནང་2017ལོར་མཐོ་རིམ་ལས་རིགས་སློབ་གྲྭ་250ཡི་ཞིང་ལས་དང་འབྲེལ་བ་ཡོད་པའི་ཆེད་ལས་1000ཡིས་གྲོང་གསེབ་དར་རྒྱས་ཆེད། ལག་རྩལ་རྩལ་ནུས་ཤེས་ལྡན་མི་སྣ་ཁྲི་4གསོ་སྐྱོང་བྱས་པ་དང་རྒྱལ་ཡོངས་ཀྱི་དབུས་ནུབ་རྒྱུད་ས་ཁུལ་གྱི་མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ཁྲི་82ཙམ་ས་གནས་དེ་གར་ལས་ཞུགས་ཐུབ་ཡོད་པ་རེད།
         སྙན་ཞུའི་ཐོག་ནས་མངོན་དོན། མཐོ་རིམ་ལས་རིགས་སློབ་གྲྭས་སྒོ་དབྱེའི་ངང་མུ་མཐུད་སློབ་གྲྭ་ཤུགས་ཆེན་གཉེར་བ་དང་རྒྱལ་མཚམས་ཕྱིར་སློབ་གཉེར་བྱེད་པའི་རྣམ་པ་དེ་བས་སྣ་མང་ཅན་དུ་གྱུར་ཡོད། 2017ལོར་ཉིན་གང་ལམ་ལུགས་ཀྱི་སློབ་མ་ཁྲི་1.15ལྷག་ཙམ་བསྡུས་པ་དེ་2016ལོ་དང་བསྡུར་ན་65.2%འཕར་ཡོད། 2017ལོར་རང་རྒྱལ་གྱིས་རྒྱལ་ཁབ་དང་ས་ཁུལ་28ལ་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་རིམ་པའི་མཉམ་ལས་སློབ་གཉེར་སྒྲིག་གཞི་དང་རྣམ་གྲངས་960གཉེར་བ་དེས་མཐོ་རིམ་སློབ་གསོའི་སྤྱི་འབོར་གྱི་41.8%བཟུང་ཡོད་པ་རེད།
         སྙན་ཞུ་དེ་རྒྱལ་ཡོངས་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་ཀྱི་སློབ་སྤྱིས་མཉམ་འབྲེལ་ཚོགས་འདུའི་ཐོག་མངགས་བཅོལ་བྱས་པ་དང་ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་དང་མའེ་ཁེ་སི་ཞིབ་འཇུག་ཁང་གིས་མཉམ་དུ་སྒྲིག་བཟོ་བྱས་པ་ཞིག་ཡིན་པ་དང་2012ལོ་ཚུན་བསྟུད་མར་ལོ་བདུན་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།