འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་
    བཤེར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་17ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་ཟླ་7ཚེས་11ཉིན་ནས་ཚེས་14ཉིན་བར་རུ་ཁག་གི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་དུ་ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་བསྟར་ཡག་པོ་བྱ་རྒྱུ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་སྐུལ་འདེད་དང་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཞིབ་བཤེར་ཚོགས་ཆུང་གིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་གནས་ཚུལ་སྙན་ཞུ་ཉན་པ་དང་སྦྲགས་ཟི་ལིང་གྲོང་ཁྱེར་དང་། མཚོ་བྱང་ཀྲོའུ། མཚོ་ལྷོ་ཀྲོའུ། མཚོ་ཤར་གྲོང་ཁྱེར་བཅས་སུ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་རེད།
         ཀྲང་ཁྲུན་ཞན་གྱིས་ཞིང་ལས་ཐོན་ཟོག་གི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལམ་སྲོལ་དང་། ཞིང་ལས་ཐོན་ཟོག་ཐོན་སྐྱེད་བྱ་ཡུལ་གྱི་ཁོར་ཡུག་བཅོས་སྒྲིག གཞི་རིམ་གྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་སོགས་མངོན་གསལ་དོད་པའི་གནད་དོན་ལ་མཐོང་ཆེན་བྱེད་པ་དང་། གཏོང་ཆའི་ཐོན་ཟོག་ལ་ཚོད་འཛིན་ནན་པོ་དང་། སྣོད་བཅུད་ཀྱི་སྤུས་རྟགས་ཡག་པོ་བཏོད་པ། ལྟ་སྐུལ་དོ་དམ་གཞི་གཅིག་ཅན། བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པ། གཅིག་སྡུད་བྱེད་ཚད་མཐོ་རུ་གཏོང་བ་སོགས་ཀྱི་འགག་རྩའི་གནས་ལ་སྟངས་འཛིན་བྱས་ཏེ་སྤུས་ཚད་ཀྱི་ཚད་གཞིའི་མ་ལག་སྔར་བས་འཐུས་ཚང་དང་། ཁྲོམ་རའི་འཇུག་འཐུས་ཀྱི་ལམ་སྲོལ་འཐུས་ཚང་། འཕྲལ་དོན་ཐག་གཅོད་ཀྱི་ལམ་སྲོལ་འཐུས་ཚང་། བདེ་འཇགས་ཀྱི་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་བཅས་བཏང་ནས་ཞིང་ལས་ཐོན་ཟོག་སྤུས་ཚད་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།