འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོར་ཤེས་ཚོར་བྱེད་པ་• མཛེས་པའི་མཚོ་སྔོན"ཞེས་པའི་སྒྱུ་རྩལ་འགྲེམས་སྟོན་གྱི་
    ཨ་མེ་རི་ཁ་གླིང་ལྷོ་མའི་སྐོར་འགྲེམས་དེ་པུ་དབྱི་ནོ་སི་ཨེ་རི་སིར་མཇུག་སྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་གོར་ཤེས་ཚོར་བྱེད་པ་•མཛེས་པའི་མཚོ་སྔོན”——ཀྲུང་གོའི་མཚོ་སྔོན་གྱི་མི་རིགས་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཉེ་ཆར་ཨ་ཀེན་ཐིན་གྱི་རྒྱལ་ས་པུ་དབྱི་ནོ་སི་ཨེ་རི་སིར་སྤེལ་ཡོད། ཨ་ཀེན་ཐིན་རྒྱལ་ཚོགས་ཀྱི་གྲོས་མིའི་འཐུས་ཚབ་དང་། ཨ་ཀེན་ཐིན་གྱི་ཕྱིར་སྡོད་རང་མིའི་ཚོགས་པ་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོང་ཚོགས་ཀྱི་འགན་འཁུར་བ། ཡུལ་དེའི་གྲོང་མི་བཅས་ཀྱིས་མཉམ་དུ་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་དང་འབྲེལ་འཁྲབ་སྟོན་ལ་བལྟས་པ་རེད།
            ཨ་ཀེན་ཐིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ཕྱིར་སྡོད་རང་མིའི་དོན་གཅོད་གཞུང་ཚབ་ཁྲེན་ཀྲི་ཅུན་གྱིས་ཤིས་ཚིག་བརྗོད་སྐབས་ཨ་ཀེན་ཐིན་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་ཁྲི་18ཡོད་པ་དེ་དག་གིས་སྒོ་རྩིས་ཚོང་ཁང་ཆིག་ཁྲི་ཙམ་དང་ཟ་ཁང་དང་ཚོང་དོན་ཀུང་སི་ཆིག་སྟོང་ཙམ་གཉེར་སྐྱོང་བྱེད་ཀྱི་ཡོད། ད་རེས་ཀྱི་འགྲེམས་སྟོན་ནི་ཡུལ་དེའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་འཚམས་འདྲི་བྱས་པ་ཞིག་རེད་ལ། ཀྲུང་ཧྭའི་རིག་གནས་ཁྱབ་གདལ་བཏང་ནས་ཚང་མས་ཀྲུང་གོའི་ནུབ་རྒྱུད་ཀྱི་འཕེལ་རྒྱས་དང་མཛེས་ཉམས་མཐོང་ཐུབ་པ་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་མེས་རྒྱལ(ཕ་ཡུལ)ཆེད་སྤོབས་པ་སྐྱེ་རུ་འཇུག་ཆེད་ཀྱང་ཡིན་ཞེས་གསུངས་པ་རེད།
            འགྲེམས་སྟོན་ནང་ཞུགས་པའི་ཧྥུའུ་ཆིང་ཕ་ཡུལ་གཅིག་པའི་ཚོགས་པའི་ཚོགས་གཙོ་ཁྲེན་ཧྲི་ཅིང་གིས་འགྲེམས་སྟོན་དང་འཁྲབ་སྟོན་བལྟས་རྗེས་ཧ་ཅང་སེམས་ཐག་ཉེ་བའི་ཚོར་སྣང་ཞིག་འདུག དེས་མ་ཟད། སླར་ཡང་མེས་རྒྱལ་གྱི་རི་ཆུའི་མཛེས་ཉམས་དང་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་ཉམས་འགྱུར་ཡང་ཚོར་བྱུང་ཞེས་བཤད།
           ཐག་རིང་གྲོང་ཁྱེར་ལ་པོ་ལ་ཐ་ནས་ཡོང་བའི་ཁུང་ཙི་སློབ་གླིང་གི་སློབ་ཕྲུག་པ་ཏེ་ལི་ཤིས་ཡས“ང་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་རྩིས་ཡོད། དེ་རིང་གི་འགྲེམས་སྟོན་ནི་ཀྲུང་གོར་རྒྱུས་མངའ་ཡོང་བའི་སྐར་ཁུང་ཞིག་རང་རེད་འདུག  དེ་རིང་པར་རིས་དང་། དངོས་མཚོན་གློག་བརྙན། འཁྲབ་སྟོན་བཅས་བལྟས་རྗེས་ང་མཚོ་སྔོན་ལ་འགྲོ་འདོད་ཆེན་པོ་སྐྱེ་བྱུང་། གོ་སྐབས་རག་ན་མཚོ་སྔོན་ལ་ཐེངས་གཅིག་ལྟ་བར་འགྲོ་ཡི་ཡིན”ཞེས་བཤད།
           འགྲེམས་སྟོན་འགོ་མ་ཚུགས་གོང་ཀྲུང་གོ་ཕྱོགས་ཀྱི་འཐུས་ཚབ་ཚོགས་པས་ཨ་ཀེན་ཐིན་ཕྱོགས་ཀྱི་རྒྱལ་ཚོགས་ཀྱི་གྲོས་མི་དང་། རྒྱལ་ཁབ་དཔེ་མཛོད་ཁང་གི་འགོ་འཛིན། དངོས་མཚོན་གློག་བརྙན་མཐུན་ཚོགས་ཀྱི་འཐུས་མི། གློག་བརྙན་སྒྲིག་བཟོ་བ་གྲགས་ཅན་བཅས་དང་བཞུགས་མོལ་བྱས་པ་དང་། ཕྱོགས་གཉིས་ཀས་དངོས་མཚོན་གློག་བརྙན་པར་ལེན་ཐད་སྤེལ་རེས་དང་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་བཏོན་པ་རེད།
           དེ་སྔོན་རུའོ་ཏའེ་ཅི་ནེ་རའོ་དང་ལི་མར་སྒྱུ་རྩལ་འགྲེམས་སྟོན་བྱས་ཟིན་པ་དང་། ད་ཐེངས་པུ་དབྱི་ནོ་སི་ཨེ་རི་སིར་འགྲེམས་སྟོན་བྱས་རྗེས་ཨ་མེ་རི་ཁ་གླིང་ལྷོ་མའི་གྲོང་ཁྱེར་གསུམ་དུ་སྐོར་འགྲེམས་བྱས་ཏེ་བདེ་བླག་ངང་མཇུག་སྒྲིལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།