འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་དོན་པུས་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཐོན་ལས་སྲིད་ཇུས་ཀྱིས་ཁྲོམ་རར་གནོད་པ་བསྐྱལ་བའི་
    སྐྱོན་འཛུགས་བྱས་པར་ཁུངས་འཁྱོལ་ས་མེད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥེང་གིས། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་ཐོན་ལས་སྲིད་ཇུས་ཀྱིས་ཁྲོམ་རར་གནོད་པ་བསྐྱལ་བའི་སྐྱོན་འཛུགས་བྱས་པར་ཁུངས་འཁྱོལ་ས་མེད་ཅེས་བརྗོད།
            ཀའོ་ཧྥེང་གིས་གོང་ཚེས་ཉིན་འཚོགས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་སུ་ཞིག་ཡིན་རུང་ཚང་མར་འཕེལ་རྒྱས་ཀྱི་དབང་ཆ་ཡོད་པ་དང་། ཚང་མར་འོས་འཚམ་གྱི་ཐོན་ལས་སྲིད་ཇུས་ལག་བསྟར་བྱས་ནས་འཕེལ་རྒྱས་ཡོང་བ་བྱེད་པའི་དབང་ཆ་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན། ཨ་རིའི་སྐབས་དང་པོའི་ནོར་སྲིད་པུའུ་ཀྲང་ཧན་སྨིར་ཏུན་ནི་སྔོན་ཆད་ཀྱི་ཐོན་ལས་སྲིད་ཇུས་དར་སྤེལ་གཏོང་མཁན་ཡིན་ཅིང་། དུས་རབས་གོང་མའི་ལོ་རབས་50པ་དང་ལོ་རབས་60པའི་སྐབས། ཨ་རིས་འཇིག་རྟེན་འཕུར་སྐྱོད་དང་དམག་དོན་བཟོ་ལས་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་དར་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཡོད་པ་དང་ཕན་འབྲས་ཀྱང་ཡག་ཙམ་ཐོབ་ཡོད།
           ཁོང་གིས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ལག་རྩལ་ཡར་ཐོན་མགྱོགས་མྱུར་འགྲོ་བའི་ཆ་རྐྱེན་འོག་ང་ཚོས་ཧེ་བག་ཅན་དང་། སྲུང་སྐྱོང་རང་བཞིན་གྱི་ཐོན་ལས་སྲིད་ཇུས་ལ་ངོ་རྒོལ་བྱེད་པ་དང་། དོན་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཞིག་དགོས་གལ་དེ་བས་ཆེ་བས། སྔར་བས་འབྱུང་འགྱུར་ལ་སྔོན་དཔག་དང་། སྒོ་འབྱེད་མཉམ་ལས། འགྲན་རྩོད་ལ་སྐུལ་འདེད། སློབ་གསོའི་སྤུས་ཚད་སོགས་ལ་མཐོང་ཆེན་བྱེད་དགོས་པ་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།