འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་སྐོར་
    གྱི་དཔེ་མཚོན་གྱོད་དཔེ་ཉི་ཤུ་བརྡ་ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 12:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་སྐོར་གྱི་དཔེ་མཚོན་གྱོད་གཞི་20བརྡ་ཁྱབ་བཏང་ཡོད། དེ་ནི་ན་ནིང་ཟླ་4ཚེས་27ཉིན་དྲ་ཚིགས་དེའི་ཐོག་ཐེངས་དང་པོའི་དཔེ་མཚོན་གྱོད་དཔེ་ཁག་24བརྡ་ཁྱབ་བཏང་རྗེས། “དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་དམར་འདོན་ཆེད་ཁུལ”དུ་ཐེངས་གཉིས་པའི་དཔེ་མཚོན་གྱོད་གཞི་གཅིག་སྡུད་ཐོག་བརྡ་ཁྱབ་བཏང་བ་རེད།
             བརྡ་ཁྱབ་བཏང་བའི་གྱོད་དཔེའི་འབྱུང་ཁུངས་ནས་བལྟས་ན། ཞིང་ཆེན་རིམ་པའི་སྒྲིག་ཨུད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྐྱེལ་སྤྲོད་བྱས་པའི་གྱོད་དཔེ་18དང་། ས་ཁུལ་དང་ཀྲོའུ་ནས་ཐད་ཀར་སྐྱེལ་བ་2ཡོད། སྒྲིག་འགལ་ཁྲིམས་འགལ་བྱེད་མཁན་ལ་བལྟས་ན། རྫོང་འགན་ནུས་སྡེ་ཁག་དང་ཤང་དང་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་7དང་། གྲོང་ཚོའི་ལས་བྱེད་པ་13ཡོད། གནད་དོན་གྱི་ཐད་ནས་བལྟས་ན། རུལ་སུངས་ཀྱི་གནད་དོན་13དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་7ཡོད། སྒྲིག་འགལ་ཁྲིམས་འགལ་གྱི་གནས་ཚུལ་ནས་བལྟས་ན། དེའི་ཁྲོད་དུ་ལྐོག་ཟ་ཧམ་བཟུང་བྱས་པ6དང་། འགན་འཛོལ་དང་འགན་འཁྲི་ཤོར་བ་དང་། དགའ་ཉེར་ལྟ་རྟོག་བྱས་པ་སོ་སོར་4ཡོད། བཀག་ཉར་གཞན་སྤྱོད་དང་། སྙན་ཞུ་རྫུན་མ་དང་གཞན་གྱི་མིང་ཐོག་ནས་ལེན་པ། བཟའ་འཁྱེར་བཀག་ལེན་བཅས་སོ་སོ་2ཡོད།
      

    ཕྱོགས་བསྡུས་གསར་འགྱུར།