འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨུ་དངོས་མང་སྟོན་ཚོགས་ཀྱིས་ཕྱོགས་ཁག་དབར་ངོ་འཕྲད་གྲོས་མོལ་དང་ཕན་ཚུན་དཔྱད་གཞིར་
    འཛིན་རྒྱུར་གོ་སྐབས་བཟང་པོ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། ཀྲུང་ཨུ་དངོས་མང་སྟོན་ཚོགས་སྐབས་ལྔ་པ་ཨུ་རུ་སུའི་གྲོང་ཁྱེར་ཡེ་གཱ་ཅེ་ལིན་པའོ་རུ་འགོ་ཚུགས་པ་རེད། ཀྲུང་གོའི་ཀྲུང་གོ་ལྕགས་ལམ་དང་ཀྲུང་གོའི་ས་འོག་ལྕགས་ལམ་སོགས་ཀྲུང་ཨུ་རྒྱལ་ཁབ་གཉིས་ནས་ཡོང་བའི་ཁེ་ལས་200ལྷག་ཙམ་གྱིས་དངོས་མང་སྟོན་ཚོགས་ཐོག་རང་སོ་སོའི་ལྕི་བའི་སྒྲིག་ཆས་དང་། འཕྲུལ་ཆས་ཆེ་གྲས། ལག་རྩལ་གསར་པའི་ཁྱབ་ཁོངས་བཅས་ཀྱི་ཞིབ་འཇུག་གསར་སྤེལ་བྱས་པའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་འགྲེམས་ཞུགས་ཕྱོགས་ཁག་དབར་ཐད་ཀར་ངོ་འཕྲད་གྲོས་མོལ་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་གོ་སྐབས་བཟང་པོ་མཁོ་འདོན་བྱས་ཡོད།
             སྐབས་འདིའི་ཀྲུང་ཨུ་དངོས་མང་སྟོན་ཚོགས་དང་ཨུ་རུ་སུའི་རྒྱལ་སྤྱིའི་གསར་གཏོད་བཟོ་ལས་འགྲེམས་སྟོན་སྐབས་དགུ་པ་གྲོང་ཁྱེར་ཡེ་གཱ་ཅེ་ལིན་པའོ་ཡི་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་ཀྱི་ཉེ་འགྲམ་གྱི་འགྲེམས་ཁང་དུ་དུས་གཅིག་ཏུ་སྤེལ་བར་བརྟེན་གསར་གཏོད་བཟོ་ལས་འགྲེམས་སྟོན་ནང་ཞུགས་པའི་འཇར་མན་དང་། ཧན་གོ དབྱི་རན་བཅས་ཀྱི་ཁེ་ལས་ཀྱི་འཐུས་མིས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་ཨུ་དངོས་མང་སྟོན་ཚོགས་ལ་ལྟ་སྐོར་ཡང་བྱས་ཡོད་པ་རེད།
            སྐབས་འདིའི་དངོས་མང་སྟོན་ཚོགས་ཐོག“འགོ་འཛུགས་ས་གསར་པ་དང་། གོ་སྐབས་གསར་པ། འབྱུང་འགྱུར་གསར་པ”བཅས་བརྗོད་དོན་གཙོ་བོར་བྱས་པ་དང་། འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་8500ཟིན་པ་དང་ཀྲུང་གོ་ཕྱོགས་ཀྱི་འགྲེམས་སྟོན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5500ལྷག་ཟིན་ཡོད་པ་རེད། ཀྲུང་ཨུ་དངོས་མང་སྟོན་ཚོགས་དེ་2014ལོ་ནས་བཟུང་སྐབས་བཞི་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་བ་དེ་ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་དབར་གྱི་རིམ་པ་མཐོ་བ་དང་གཞི་ཁྱོན་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་འགྲེམས་ཚོགས་ཤིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ས་གནས་དང་ཁེ་ལས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།