འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་གྱི་འཕེལ་རིམ་ལ་དོ་ཁུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རིམ་མཐོའི་ཆབ་སྲིད་གླེང་སྟེགས་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ་རེད། དུས་ཡུན་ཉིན་8ཀྱི་ཚོགས་འདུའི་ཐོག་རྒྱལ་ཁབ་47གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་པའི་ཐད་ཐོབ་པའི་འཕེལ་རིམ་དང་འབྲེལ་ཡོད་གླེང་གཞིར་གཞིགས་ནས་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།
             མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་གཙོ་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིང་གིས་འགོ་ཚུགས་ཤིས་ཚིག་སྒྲོན་སྐབས་ལོ་3གྱི་གོང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབུལ་ཕོངས་དང་བཀྲེས་ལྟོགས་སེལ་བ་དང་། སའི་གོ་ལ་སྲུང་སྐྱོང་བྱེད་པ། ཞི་བདེའི་སྤྱི་ཚོགས་སྐྲུན་པ། དཔལ་འབྱོར་དང་། སྤྱི་ཚོགས། ལག་རྩལ་བཅས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཁས་ལེན་མཉམ་དུ་བྱས་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་དབུལ་ཞིང་ཕོངས་པའི་མི་འབོར་གྱི་བསྡུར་གྲངས་དམའ་རུ་ཤུགས་ཆེན་ཕྱིན་ཡོད་པ་སྟེ། 2000ལོའི་27%ནས་ན་ནིང་གི་9%བར་ཆག་ཡོད་ཅེས་བརྗོད་པ་རེད།
             ལིའུ་ཀྲེན་མིང་གིས་གྲུབ་འབྲས་ཁག་གཅིག་ཐོབ་ཡོད་མོད། འོན་ཀྱང་མིག་སྔར་ད་དུང་གནད་དོན་མང་དག་ཅིག་ཐག་གཅོད་བྱེད་དགོས་ཀྱི་ཡོད། བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་མང་དུ་འགྲོ་བཞིན་ཡོད་པ་སྟེ། 2015ལོའི་མི་གྲངས་དུང་ཕྱུར་7.77ནས་2016ལོའི་མི་གྲངས་དུང་ཕྱུར་8.15བར་མང་དུ་ཕྱིན་པ་དང་། མི་དུང་ཕྱུར་45ལ་ཚད་ལྡན་འཕྲོད་བསྟེན་ཞབས་ཞུ་ཐོབ་ཐབས་བྲལ་བ་དང་། མི་དུང་ཕྱུར་21ལ་བདེ་འཇགས་འཐུང་ཆུ་སྤྱོད་ཐབས་བྲལ་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་དང་། ཞིང་ལས་འཕེལ་རྒྱས། མི་འབོར་ཤུགས་ཆེན་འཕར་བ་བཅས་ཀྱིས་རང་བྱུང་ཐོན་ཁུངས་ལ་གནོན་ཤུགས་ཆེན་པོ་བཟོ་བཞིན་ཡོད་པ་དང་། ས་ཞིང་ཞན་འགྱུར་གྱིས་བདེ་འཇགས་དང་འཕེལ་རྒྱས་ལ་ཉེན་ཁ་བཟོ་བཞིན་ཡོད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་གནམ་གཤིས་འགྱུར་ལྡོག་གི་འབྲེལ་ཡོད་དོན་རྐྱེན་མང་དུ་འགྲོ་བཞིན་ཡོད་པ་དང་། འདས་ཟིན་པའི་ལོ་བཅུའི་རིང་། གདོང་ཐུག་བྱུང་ཚད་མང་དུ་ཕྱིན་པས་མི་ཁྲི་ཚོ་མང་པོ་ཞིག་གནས་མེད་ཡུལ་གྱར་དུ་འགྲོ་དགོས་བྱུང་བ་དང་འབྲེལ་རྒྱལ་ཁབ་18ཀྱི་འབྲུ་རིགས་མཁོ་སྤྲོད་ཐད་གནད་དོན་ལྷག་པ་དང་དེའི་ནང་གི་མི་ཁྲི་7400ལ་འཕྲལ་དུ་རོགས་སྐྱོར་བྱེད་དགོས་ཀྱི་ཡོད་ཅེས་བརྗོད་པ་རེད།
           གླེང་སྟེགས་གཙོ་གཉེར་ཕྱོགས་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མཱ་ལི་·ཁྲ་ཐ་ཏོ་ཝས་དམིགས་ཚད་དེ་དག་མངོན་འགྱུར་བྱེད་པར་རྒྱལ་ཁབ་ཁག་གི་སྲིད་གཞུང་གི“ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་ཀུན་སློང་བ་བཟང་པོ”ཡོད་དགོས་པ་མ་ཟད། ད་དུང་དམངས་ཁྲོད་སྤྱི་ཚོགས་དང་། སྒེར་གཉེར་སྡེ་ཚན། རིག་གཞུང་ལས་རིགས་བཅས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་གཞན་དག་བཅས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་དགོས་པའི་ནན་བཤད་བྱས་པ་རེད།
           མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རིམ་མཐོའི་ཆབ་སྲིད་གླེང་སྟེགས་ལོ་རེར་ཐེངས་རེ་ཚོགས་ཀྱི་ཡོད་པ་དང་། དེའི་ནང་དུས་ཡུན་ཉིན་3གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཚུད་ཡོད་པ་རེད། སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“རྒྱུན་མཐུད་དང་འགོག་རྒོལ་ནུས་པ་ལྡན་པའི་སྤྱི་ཚོགས་ཕྱོགས་སྒྱུར་ལ་ཕྱོགས་པ”ཞེས་པ་དེ་ཡིན་པ་དང་། པུའུ་ཀྲང་དང་པུའུ་ཀྲང་གཞོན་པ་80ལྷག་ཙམ་དང་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱི་ཁོངས་མི་2500གླེང་སྟེགས་ལ་ཞུགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།