འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་པའི་མོང་གོལ་རྒྱལ་ཁབ་ཀྱི་སྣོལ་ཟམ་དང་པོར་རླངས་འཁོར་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་སྐྲུན་འགན་འཁུར་བའི་མོང་གོལ་རྒྱལ་ཁབ་ཀྱི་སྣོལ་ཟམ་དང་པོ་སྟེ། ཨུ་ལན་དཔའ་ཐུལ་གྱི་ཡར་མ་ཀེ་སྣོན་ཟམ་ཐོག་ཚེས་9ཉིན་རླངས་འཁོར་ཤར་གཏོང་ཐུབ་པ་རེད།
            མོང་གོལ་རྒྱལ་ཁབ་ཀྱི་གཞི་ཁྱོན་ཆེ་ཤོས་ཡིན་པའི་གྲོང་སྲིད་ལས་གྲྭའི་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ཟམ་པ་དེའི་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་ཨུ་ལན་དཔའ་ཐུལ་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་གནས་ཚུལ་ཞི་ལྷོད་དུ་འགྲོ་རྒྱུ་ཡིན་པ་མཚོན་ཡོད་པ་རེད།
             ཡར་མ་ཀེ་སྣོན་ཟམ་དེ་2017ལོའི་ཟླ་4པར་སྐྲུན་འགོ་ཚུགས་པ་དང་། ཕྱོགས་གཉིས་ནས་རླངས་འཁོར་བཞི་མཉམ་གཤིབ་ངང་སྐྱོད་ཆོག་པའི་ལམ་ཇུས་འགོད་བྱས་པ་དེར་ཁྱོན་ཨ་སྒོར་ཁྲི་3026བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།