འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྤུས་རྟགས་པེར་ཀྲེམ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་ཀྱི་མཉམ་ལས་རོགས་ཟླར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་པེར་ཀྲེམ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཀྲུང་གོའི་ལུས་རྩལ་སྤུས་རྟགས་ཕིག་ཁེ་ལུས་རྩལ་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། འདི་ལོའི་ཟླ་བཅུ་པའི་པུ་དབྱི་ནོ་སི་ཨེ་རི་སིའི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་དང་ལོ་གཉིས་རྗེས་ཀྱི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཐོག་པེར་ཀྲེམ་གྱི་འཐུས་མི་ཚོགས་པས་ཕིག་ཁེ་ཆེད་ལས་ལུས་རྩལ་གྱོན་ཆས་སྤྲས་ནས་འགྲན་བསྡུར་ནང་ཞུགས་རྒྱུ་རེད།
            འདི་ནི་ཕིག་ཁེས་པར་ཙིར་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་མནའ་འབྲེལ་བྱས་རྗེས་བཞག་པའི་གན་རྒྱ་གལ་ཆེན་ཞིག་ཀྱང་རེད། “པེར་ཀྲེམ་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་དང་གན་རྒྱ་བཞག་པ་ནི་ཕིག་ཁེས‘རྒྱལ་སྤྱི་ཅན་གྱི་འཐབ་ཇུས’ལག་ལེན་བསྟར་བའི་ཚད་བརྒལ་གསར་པ་གཞན་ཞིག་རེད”ཕིག་ཁེ་ཚོགས་པའི་ཏུང་ཧྲེ་ཀྲང་ཞུས་ཅིན་ནན་གྱིས་གན་འཇོག་མཛད་སྒོའི་ཐོག“ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ཀྲུང་གོའི་སྤུས་རྟགས་ལའང་རྒྱལ་སྤྱིའི་སྒྲིག་གཞི་དང་རྩ་འཛུགས་དེ་བས་མང་བའི་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ཡོད”ཅེས་བཤད།
           མིག་སྔར་ཕིག་ཁེ་འདི་ཉིད་འཇར་མན་དང་སར་པི་ཡ་སོགས་རྒྱལ་ཁབ་ཀྱི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་དང་དེ་བཞིན་སི་ལོ་ཝེ་ཉི་ཡ་དང་སེབ་རུ་སི་སོགས་རྒྱལ་ཁབ་ཀྱི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་ཀྱི་མཉམ་ལས་རོགས་ཟླར་སྔ་རྗེས་སུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།