འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་ཡོངས་ཀྱིས་ཐེངས་དང་པོར་སྤྱི་ཚོགས་ལ་ཕྱོགས་ནས་ཞི་བའི་ལས་འགན་འཁུར་མཁན་
    ཡོངས་བསྒྲགས་ངང་བསྡུ་བའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་12ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་སྤྱི་ཚོགས་ཀྱི་ཕུལ་བྱུང་ཤེས་ལྡན་པ་བསྡུས་ནས་དམག་དཔུང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་རུ་འཇུག་ཆེད། ཀྲུང་དབྱང་དམག་ཨུད་ཀྱིས་ཆོག་མཆན་གནང་བ་བརྒྱུད། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་ཉེ་ཆར་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཚུན་གྱི་དམག་ཡོངས་ཀྱིས་ཐེངས་དང་པོར་སྤྱི་ཚོགས་ལ་ཕྱོགས་ནས་ཞི་བའི་ལས་འགན་འཁུར་མཁན་ཡོངས་བསྒྲགས་ངང་བསྡུ་བའི་ལས་དོན་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་རེད།
             ཐེངས་འདིའི་ཡོངས་བསྒྲགས་བསྡུ་ལེན་ལས་དོན་སྤེལ་སྐབས། ཞི་བའི་ལས་འགན་འཁུར་མཁན་གྱི་ལམ་ལུགས་གསར་པའི་ཁྱད་ཆོས་དང་བླང་བྱར་ཧུར་ཐག་འཚམ་པར་བྱས་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་《ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཞི་བའི་ལས་འགན་འཁུར་མཁན་གྱི་སྲོལ་ཡིག་》དང་དེ་བཞིན་ལྷན་སྦྱར་སྲིད་ཇུས་གཞི་འཛིན་སར་བྱས་ནས། དགོས་མཁོས་འདྲེན་རྒྱུ་མཐའ་འཁྱོངས་དང་དམག་དཔུང་གི་མཁོ་གལ་ཆེ་སར་ཞབས་འདེགས་ཞུས་ཏེ། ཆེད་ལས་གཙོ་བོ་དང་འགག་རྩའི་ལས་གནས་ཀྱི་ཞི་བའི་ལས་འགན་འཁུར་མཁན་ཁག་ཅིག་བསྡུ་རྒྱུ་ཡིན་པ་དང་། ཚད་གཞི་དང་སྤུས་ཚད་མཐོ་རུ་བཏང་ཐོག་ཕུལ་བྱུང་ཤེས་ལྡན་པའི་ཐོན་ཁུངས་ལ་དམིགས་ནས། ལས་གནས་བླང་བྱར་དབྱེ་ཞིབ་ཡག་པོ་བྱེད་པ་དང་། བསྡུ་འཐུས་ཆ་རྐྱེན་ཞིབ་ཕྲ་བཟོ་བ། ལས་གནས་གཞིར་བཟུང་ནས་མི་སྣ་འདེམས་པ་བཅས་བྱས་ཏེ། འགོ་ཁུངས་ནས་ཞི་བའི་ལས་འགན་འཁུར་མཁན་དཔུང་ཁག་གི་བྱང་ཚད་མཐོན་པོ་ཡོད་པའི་འགན་ལེན་བྱ་རྒྱུ། ཡོངས་བསྒྲགས་ཀུན་གསལ་ཡོང་བར་བྱས་ཐོག་ལས་གནས་ཀྱི་གྲངས་འབོར་དང་། འོས་ཐོབ་དང་ཆ་རྐྱེན། འདེམས་སྒྲུག་བརྒྱུད་རིམ། བསྡུ་སྤྱོད་མཐའ་འབྲས་བཅས“ཡོངས་བསྒྲགས་བཞི”མཐའ་འཁྱོངས་ཀྱིས། རྒྱུགས་བསྡུའི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཀུན་གསལ་ཡོང་རྒྱུའི་འགན་ལེན་བྱས་ནས་དམག་དཔུང་གི་མི་འདེམས་མི་སྤྱོད་ཀྱི་གཟུགས་བརྙན་བཟང་པོ་གཏོད་རྒྱུ་བཅས་ཡིན་པ་རེད། འཆར་གཞི་ལྟར་ན། ཟླ་7ཚེས་12ནས་22ཉིན་བར། རྒྱུགས་སྤྲོད་མི་སྣས་དམག་དཔུང་ཤེས་ལྡན་པའི་དྲ་ཚིགས་བརྒྱུད་དེ་མིང་ཐོ་འགོད་ཆོག་པ་དང་། ཟླ་8ཚེས་26ཉིན་གཅིག་གྱུར་རྒྱུགས་ལེན་བྱ་རྒྱུ་ཡིན་པ་རེད། རྒྱུགས་གཞིའི་ནང་དོན་ནང་ཐུན་མོང་གི་བསླབ་ཚན་དང་ཆེད་ལས་བསླབ་ཚན་གཉིས་ཚུད་ཡོད་པ་དང་། བསླབ་ཚན་ཁག་གི་རྒྱུགས་ལེན་ཁྱབ་ཁོངས་དང་། ནང་དོན། ཞིབ་ཕྲའི་བླང་བྱ་བཅས་དམག་དཔུང་ཤེས་ལྡན་པའི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་ཡོད་པ་རེད། ཟླ་བཅུ་གཉིས་པའི་ཟླ་མཇུག་གོང་དུ། ངོ་རྒྱུགས་དང་། གཟུགས་པོ་བརྟག་དཔྱད། ཆབ་སྲིད་དཔྱད་ཞིབ། ཕྱོགས་བསྡུས་རྟོག་ཞིབ། ཞིབ་བཤེར་མཆན་འགོད། གདན་ཞུས་སྐུལ་སྤྱོད་ཀྱི་གན་རྒྱ་འཇོག་པ་སོགས་ཀྱི་ལས་དོན་སྒྲུབ་ཚར་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།