འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཀྲུང་ཨས་ཚོང་དོན་གྱི་གནད་དོན་ཐད་སྔར་བཞིན་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་མིན་ཐད་
    ལན་འདེབས་སྐབས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཤེས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་5ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཀྲུང་ཨས་ཚོང་དོན་གནད་དོན་ཐད་སྔར་བཞིན་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་མིན་ཐད་ལན་འདེབས་སྐབས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཨ་རི་ཕྱོགས་ཀྱིས་ཧ་ཅང་གསལ་པོ་ཤེས་ཞེས་བརྗོད་ཡོད།
             ལུའུ་ཁང་གིས། མིག་སྔར་རྩོད་གླེང་འདི་བསླངས་པ་དང་། ཐ་ན་རྩོད་གླེང་ཆེ་རུ་སོང་ནས་ཚོང་དོན་འཁྲུག་རྩོད་ཀྱི་ཕྱོགས་སུ་འགྱུར་ཉེན་ཡོད་ཀྱང་དེ་ནི་ཀྲུང་གོ་མིན། “ང་ཚོས་ཐོག་མ་ནས་ལངས་ཕྱོགས་གསལ་པོ་བཏོན་པ་དང་ལངས་ཕྱོགས་འདི་ད་ལྟའི་བར་འགྱུར་བ་མེད། འདིའི་ཐད་ཚང་མས་ཧ་ཅང་གསལ་པོ་ཤེས་ཀྱི་རེད”ཅེས་བརྗོད་ཡོད།
            ལུའུ་ཁང་གིས། ཀྲུང་གོ་ཙམ་མ་ཟད་ཨ་རིའི་རྒྱལ་ནང་གི་འཛད་སྤྱོད་པ་དང་ལས་རིགས་ཁོངས་གཏོགས།  དཔལ་འབྱོར་དངོས་ཚན་གཞན་དག་ཚང་མ་དང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ཚུད་པའི་མི་སུ་ཞིག་གིས་ཀྱང་ཚོང་དོན་འཁྲུག་རྩོད་རྒྱག་འདོད་མེད། ཚོང་དོན་འཁྲུག་རྩོད་ཀྱིས་རྒྱལ་ཁབ་གང་ཞིག་ལའང་ཕན་ཐོགས་མེད་ལ། རྒྱལ་ཁབ་ཁག་གི་ཐོན་ལས་ལས་རིགས་དང་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་གཏོང་གི་ཡོད།  “ང་ཚོས་ཚོང་དོན་འཁྲུག་རྩོད་རྒྱག་པའི་རེ་བ་བྱེད་ཀྱི་མེད། ཡིན་ནའང་རྒྱལ་ཁབ་གང་ཞིག་ཡིན་རུང་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་ཚང་མར་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་དབང་ཆ་ཡོད། འདི་ནི་དོགས་པ་ཟ་མི་དགོས་པ་ཅིག་རེད”ཅེས་བརྗོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།