འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས"གློད་སྡོམ་ཞབས་གསུམ"གྱི་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་ཞིབ་བཤེར་མཆན་བཀོད་ཀྱི་
    ཞབས་ཞུ་དམངས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
              མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཞིབ་བཤེར་མཆན་བཀོད་ཀྱི་ཞབས་ཞུའི་ནུས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་ཁེ་ལས་དང་མང་ཚོགས་ཀྱིས་ལས་དོན་སྒྲུབ་པ་དང་ལས་གཏོད་བྱ་རྒྱུར་མགྱོགས་ལ་ལེགས་པའི་སྟབས་བདེ་བསྐྲུན་ཆེད། སྤྱི་བདེ་པུས་《“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་ཞིབ་བཤེར་མཆན་བཀོད་ཀྱི་ཞབས་ཞུ་དམངས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》(གཤམ་དུ་《ལག་བསྟར་བསམ་འཆར་》ཞེས་བསྡུ་རྒྱུ)བཏོན་པ་རེད། 
              ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་སྤྱི་བདེ་ལས་ཁུངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཕན་དམངས་བདེ་སོགས་ཐད་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་སྟེ། དཔེར་ན། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་བ་དང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་དུ་བདག་སྤྲོད་བྱེད་པ་སོགས་ཀྱི་ལམ་ལུགས་ཁག་གསུམ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། རྒྱལ་གྲོལ་ལམ་ཡིག་སོགས་མཐའ་མཚམས་འགྲོ་འོང་གི་ལག་ཁྱེར་གཉེར་སྐབས་ཐེངས་གཅིག་ལས་སྐྱོད་མི་དགོས་པའི་ལམ་ལུགས་ལག་ལེན་བསྟར་བ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་དཔྱད་དང་ཁ་ལོ་བའི་ཡིག་རྒྱུགས་ལམ་ལུགས་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་བ་ལ་སོགས་ཀྱིས་དོ་དམ་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་དང་། སྤྱི་ཚོགས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་སྔར་བས་འཕེལ་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་ཕྱིན་པ་བཅས་རེད།
              ཞིབ་བཤེར་མཆན་བཀོད་ཀྱི་ཞབས་ཞུའི་དོན་ཚན་སྔར་བས་ཚད་ལྡན་དུ་གཏོང་བའི་ཐད། 《ལག་བསྟར་བསམ་འཆར་》ནང་བླང་བྱ་བཏོན་པར། ཞིབ་བཤེར་མཆན་བཀོད་ཞབས་ཞུའི་དོན་ཚན་གྱི་དཀར་ཆག་ཚད་ལྡན་དུ་བཏང་ནས་ཞིབ་བཤེར་མཆན་བཀོད་ཀྱི་ཞབས་ཞུའི་དོན་ཚན་རིགས་པས་ཁུངས་སྐྱེལ་བྱེད་པའི་ལག་བསྟར་རིམ་པ་དང་དོ་དམ་དབང་ཚད་རིམ་པ་བཞིན་གསེད་དཀྲོལ་བྱེད་པ་དང་། “འཕྲལ་མར་སྒྲུབ་པ་དང་། དྲ་ཐོག་ཏུ་གཉེར་བ། ཐག་ཉེ་སར་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པ”བཅས་ཀྱི་ཞིབ་བཤེར་མཆན་བཀོད་ཞབས་ཞུའི་དོན་ཚན་གྱི་དཀར་ཆག་བཟོ་བ། ཞིང་ཆེན་ཚན་པར་བྱས་ཏེ་རིམ་པ་ཁག་གི་སྤྱི་བདེ་ལས་ཁུངས་ཀྱི་ཞིབ་བཤེར་མཆན་བཀོད་ཞབས་ཞུའི་དོན་ཚན་གྱི་དཀར་ཆག་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསྒྲུབ་རྒྱུའི་ཁས་ལེན་བྱེད་པ་བཅས་བྱེད་དགོས། ཞིབ་བཤེར་མཆན་བཀོད་ཞབས་ཞུའི་དོན་ཚན་བསྒྲུབ་རྒྱུ་ཚད་ལྡན་དུ་བཏང་ནས་ཞིབ་བཤེར་མཆན་བཀོད་ཞབས་ཞུའི་ཚད་གཞི་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁེ་ལས་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ཕྱོགས་སྟོན་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་འབྲེལ་དུས་མཉམ་དུ་ཡོངས་བསྒྲགས་བྱེད་པ། སྤྱི་བདེ་ལས་ཁུངས་ཀྱི་ཞིབ་བཤེར་མཆན་བཀོད་ཞབས་ཞུའི་ལས་ཀའི་སྒྲིག་སྲོལ་བཟོ་བ་བཅས་བྱེད་དགོས། སྲིད་འཛིན་ཞིབ་མཆན་འགོད་པའི་དབང་ཆ་གཤམ་དུ་སྤྲོད་རྒྱུ་ཚད་ལྡན་དུ་བཏང་ནས་ཁེ་ལས་དང་མང་ཚོགས་ལ་རྙོག་དྲ་བཟོ་བའི་དོན་མེད་ཀྱི་ངོ་སྤྲོད་ཡི་གེ་སྣ་ཚོགས་རྦད་དེ་གཙང་སེལ་བྱེད་པ་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སྤྱི་བདེའི་སྲིད་འཛིན་དབང་ཆ་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་སྲིད་འཛིན་ཞབས་ཞུའི་ལྟེ་གནས་ཀྱི་སྐར་ཁུང་སོགས་གཞི་རིམ་གྱི་ཚན་པ་དང་སྡེ་ཚན་ལ་སྤྲད་དེ། ཞིབ་བཤེར་མཆན་བཀོད་ཞབས་ཞུ་ཤང་གྲོང(ཁྲོམ་གཞུང)དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་དུ་ཁྱབ་པ་བྱེད་དགོས།
             སྐར་ཁུང་ཞབས་ཞུ་བསྐྲུན་རྒྱུར་ཤུགས་སྣོན་ཆེན་པོ་རྒྱག་པའི་ཐད། 《ལག་བསྟར་བསམ་འཆར་》ནང་བླང་བྱ་བཏོན་དོན། ཞིབ་བཤེར་མཆན་བཀོད་ཀྱི་ཞབས་ཞུ་གཅིག་སྡུད་ཐོག་བསྒྲུབ་རྒྱུ་ལག་ལེན་བསྟར་བ་དང་། སྐར་ཁུང་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། སྐར་ཁུང་ནས་བདག་སྤྲོད་དང་ཞབས་ཞུ་མཉམ་འདུས་ཡོང་བ་བཅས་བྱས་ཏེ“མདུན་ཕྱོགས་ནས་ཕྱོགས་བསྡུས་བདག་སྤྲོད་དང་། རྒྱབ་ཕྱོགས་ནས་རིགས་དབྱེའི་ཞིབ་བཤེར་མཆན་བཀོད། ཕྱོགས་བསྡུས་སྐར་ཁུང་ནས་ལག་ཁྱེར་གཉེར་བ”སོགས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ལས་དོན་སྒྲུབ་པའི་གོ་རིམ་སྟབས་བདེ་རུ་བཏང་ནས། སྐར་ཁུང་ནས་བྱ་བ་སྒྲུབ་ཚད་ཧ་ཅང་མཐོ་རུ་གཏོང་བ་དང་། ཉེན་རྟོག་རིགས་ཀྱི་སྡེ་ཚན་གྱི་མཉམ་སྒྲུབ་ལམ་སྲོལ་འཛུགས་པ། བརྒྱུད་རིམ་ཧྲིལ་པོར་སྒྲུབ་རོགས་དང་མཉམ་འབྲེལ་ཐོག་ཞིབ་བཤེར་མཆན་བཀོད་ཀྱི་ལམ་ལུགས་ལག་ལེན་བསྟར་རྒྱུར་འཚོལ་ཞིབ་བྱེད་པ་བཅས་བྱེད་དགོས།
            དེང་རབས་ཚན་རྩལ་གྱི་བྱེད་ཐབས་གང་ལེགས་སྤྱོད་པའི་ཐད། 《ལག་བསྟར་བསམ་འཆར་》ནང་བླང་བྱ་བཏོན་དོན། སྤྱི་བདེའི་གྲངས་གཞི་ཆེན་པོའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ཆ་འཕྲིན་གྱི་གྲངས་གཞི་སྦྲེལ་མཐུད་མཉམ་སྤྱོད་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས། གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། ཁ་ལོ་བའི་ལག་ཁྱེར། མཐའ་མཚམས་འགྲོ་འོང་ལག་ཁྱེར་སོགས་དམངས་ཕན་ཞབས་ཞུའི་དོན་ཚན་མཉམ་སྦྲེལ་མཉམ་མཐུད་དང་། དྲ་ཐོག་ནས་ལྟ་ཆོག་པ། ཡུལ་གཞན་དུ་གཉེར་ཆོག་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་བདེའི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཧུར་ཐག་བསྐྲུན་པ་དང་ཞིབ་བཤེར་མཆན་བཀོད་ཞབས་ཞུའི་དོན་ཚན་དེ་བས་མང་བ་དྲ་ཐོག་ཏུ་བསྒྲུབ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་གྲངས་གཞི་མང་ཙམ་སྤྱད་ནས་མང་ཚོགས་ལ་སྟབས་བདེ་མང་ཙམ་བསྐྲུན་རྒྱུ་མངོན་འགྱུར་ཐུབ་པ་བྱེད་དགོས།
             སྤྱི་བདེ་པུས་རིམ་ཁག་སྤྱི་བདེ་ལས་ཁུངས་ལ་སྤྱི་བདེ་ལས་ཁུངས་ཀྱི་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་བདེའི་གྲངས་གཞི་ཆེན་པོ་འཛུགས་སྐྱོང་། ཞབས་ཞུའི་རྣམ་པའི་སྤྱི་བདེ་ལས་ཁུངས་གཏོད་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཞིབ་བཤེར་མཆན་བཀོད་ཞབས་ཞུའི་དམངས་ཕན་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་འཛུགས་ཀྱི་འགོ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ཨར་ལས་ཀྱི་ས་བཀྲ་དང་། དུས་ཚོད་རེའུ་མིག འགན་འཁྲིའི་སྦྲེལ་ཐག་བཅས་ཁ་གསལ་བཟོ་བ། ལྟ་སྐུལ་ལ་བརྟེན་ནས་ལག་ལེན་བསྟར་རྒྱུར་སྐུལ་མ་གཏོང་བ་དང་ཞིབ་བཤེར་ལ་བརྟེན་ནས་ཕན་འབྲས་ཐོན་པ་བྱེད་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།