འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པས་དབྱིན་ཇིར་འཚམས་འདྲི་གནང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་30ནས་ཟླ་7ཚེས་3ཉིན་བར། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པས་དབྱིན་ཇིར་འཚམས་འདྲི་གནང་བ་དང་། དེའི་རིང་། དབྱིན་ཇིའི་ཕྱི་འབྲེལ་པུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་སིའི་སི་ཀྲང་གཞོན་པ་ཨེ་ཤ་ཡ་ཤར་མ་ཅུས་ཀྱི་ཅུས་ཀྲང་གཅིག་ལྕོགས་ཧྥེང་ཡ་ཤོན་སོགས་དཔོན་རིགས་དང་། དབྱིན་ཇིའི་གོང་མ་ཚང་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་སུའོ་ཡི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་རྣམ་གྲངས་ཀྱི་འགན་ཁུར་བ་ཧྲང་ཧྥ་·ཧྥ་ཐེར་དང་། དབྱིན་ཇིའི་གྲོས་ཚོགས་གོང་མའི་གྲོས་མི་ཏའེ་ཝུའེ་ཤུན་ཞུན་ཅུའེ། ཅ་ཉིར་ཞུན་ཅུའེ་སོགས་དང་བཞུགས་མོལ་གནང་བ་དང་འབྲེལ་དབྱིན་ཀྲུང་མཐུན་ཚོགས་ཀྱིས་གཉེར་བའི་གྲལ་སྒོར་ཚོགས་འདུར་ཕེབས་ནས་དབྱིན་ཇི་སྲིད་གཞུང་གི་དཔོན་རིགས་དང་། ཇུས་འདོན་ཚོགས་པ་དང་ཞིབ་འཇུག་སྒྲིག་གཞིའི་སྐུ་ཚབ། ཁྲིམས་རྩོད་པ་བསླབ་པ་རྒན་གྲས་སོགས་དང་བཞུགས་མོལ་སྤེལ་རེས་གཏིང་ཟབ་གནང་བ་རེད།
              སྐུ་ཚབ་ཚོགས་པས་དབྱིན་ཇི་ཕྱོགས་ལ་ཀྲུང་གོར་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་རིང་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་བ་དང་། སྐུ་ཚབ་ཚོགས་པས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་དང་སྤྱི་དམངས་ཀྱི་ཆབ་སྲིད་དབང་ཆ་ཕྱོགས་ཡོངས་དང་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་མཐོང་ཆེན་གནང་གི་ཡོད། ལོ་40འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་བྱ་གཞག་ཁག་ལ་འཕེལ་རྒྱས་མྱུར་པོ་བྱུང་ནས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པའི་ནན་བཤད་གནང་བ་རེད།
             སྐུ་ཚབ་ཚོགས་པས་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཀྱང་གྲུབ་ཡོད་ཅེས་གསུངས་པ་རེད། དེ་དང་ཆབས་ཅིག་སྐུ་ཚབ་ཚོགས་པས་ད་དུང་ཀྲུང་གོས་རང་ངོས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་དུས་མཚུངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཛུབ་ཁྲིད་དུ་བྱས་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་ཕྱིར་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
             སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་སློབ་སྤྱི་བཅས་ཡིན་པའི་ཕུའུ་ཙེ་ཐང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ད་ཐེངས་ཀྱི་འཚམས་འདྲིའི་དམིགས་ཡུལ་ནི་དབྱིན་ཇིའི་ལས་རིགས་ཁག་གིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་ངང་ཤེས་རྟོགས་ཐུབ་པ་དང་འབྲེལ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ལ་ཁོང་ཚོས་ཤེས་རྟོགས་དང་བསམ་ཤེས་ཐུབ་ཤུགས་ཆེ་རུ་འགྲོ་རྒྱུའི་བརྩོན་ལེན་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད། འཚམས་འདྲི་བྱེད་རིང་། བཞུགས་མོལ་དང་། སྤེལ་རེས། བགྲོ་གླེང་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། དབྱིན་ཇིའི་ལས་རིགས་ཁག་གིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་གནས་ཚུལ་སྔར་བས་ཤེས་རྟོགས་ཐུབ་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གི་བརྒྱུད་རིམ་ནང་ཀྲུང་གོས་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ངོས་འཛིན་དེ་བས་ཁ་གསལ་ཐུབ་པ། ཀྲུང་གོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་ཡང་དེ་བས་དངོས་ཡོད་ཀྱི་ངོས་འཛིན་ཐུབ་ཡོད་ཅེས་གསུངས་པ་རེད།
              དབྱིན་ཇིའི་འབྲེལ་ཡོད་སྒྲིག་གཞིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་པས་ད་ཐེངས་འཚམས་འདྲི་གནང་བ་དེས་ང་ཚོས་ཀྲུང་གོ་ཤེས་རྟོགས་ཐུབ་ཚད་མཐོ་རུ་ཕྱིན་སོང་། དབུལ་སྐྱོར་ཁྱབ་ཁོངས་ནང་ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ང་ཚོས་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ནང་ཀྲུང་གོ་ཕྱོགས་དང་དེ་བས་རྒྱ་ཁྱབ་ཀྱི་འཚོལ་ཞིབ་དང་མཉམ་ལས་བྱ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
             ཚེས་4ཉིན་སྐུ་ཚབ་ཚོགས་པ་གནམ་གྲུར་བཞུགས་ནས་ཨ་ཐེན་སི་རུ་ཕེབས་པ་དང་ཀེ་རི་སེར་འཚམས་འདྲི་བྱེད་འགོ་ཚུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།