འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་བཞི་ཐོན་འགྲན་བསྡུར་ནང་ཚུད་པའི་རུ་ཁག་བརྒྱད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན་གྲོང་ཁྱེར་སཱ་མ་ལར་གཉེར་བའི་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་1/8མཐའ་བསྡུར་ནང་པར་ཙིར་རུ་ཁག་གིས་སྤྱིའི་བསྡུར་གྲངས་2བསྡུར་0ཐོག་ནས་མོ་ཞི་ཁོ་ལས་རྣམ་པར་རྒྱལ་བས་རུ་ཁག་ལེགས་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཡོད།
              ཟླ་6ཚེས་30ཉིན་གྲོང་ཁྱེར་ཁ་ཧྲན་དུ་གཉེར་བའི་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་1/8མཐའ་བསྡུར་ནང་ཧྥ་རན་སེ་རུ་ཁག་གིས་བསྡུར་གྲངས་4བསྡུར་3གྱི་ཐོག་ནས་ཨ་ཀེན་ཐིན་རུ་ཁག་ལས་རྣམ་པར་རྒྱལ་བས་རུ་ཁག་ལེགས་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཡོད།
             ཟླ་7ཚེས་3ཉིན་གྲོང་ཁྱེར་མོ་སི་ཁོར་གཉེར་བའི་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་1/8མཐའ་བསྡུར་ནང་དབྱིན་ཀེ་ལན་དང་ཁོ་ལོམ་པི་ཡ་རུ་ཁག་གིས་སྐར་མ་120ཡི་ནང་བསྡུར་གྲངས་1བསྡུར་1གཅིག་མཚུངས་ཡིན་པས། དྷ་སི་ཀ་ཊམ་རྒྱག་དགོས་འཁེལ་བ་དང་མཐར་དབྱིན་ཀེ་ལན་རུ་ཁག་གིས་སྤྱིའི་བསྡུར་གྲངས་5བསྡུར་4ཡི་ཐོག་ནས་ཁོ་ལོམ་པི་ཡ་རུ་ཁག་ལས་རྣམ་པར་རྒྱལ་བས་རུ་ཁག་ལེགས་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཡོད།
             ཉེ་ཆར་གྲོང་ཁྱེར་སོའུ་ཆི་རུ་གཉེར་བའི་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་1/8མཐའ་བསྡུར་ནང་ཝུ་ར་ཀུའེ་རུ་ཁག་གིས་བསྡུར་གྲངས་2བསྡུར་1གི་ཐོག་ནས་ཕོར་ཐིའུ་ཀལ་རུ་ཁག་ལས་རྣམ་པར་རྒྱལ་བས་རུ་ཁག་ལེགས་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཡོད།
              ཟླ་7ཚེས་1ཉིན་གྲོང་ཁྱེར་མོ་སི་ཁོར་གཉེར་བའི་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་1/8མཐའ་བསྡུར་ནང་སི་ཕེན་རུ་ཁག་དང་ཨུ་རུ་སུ་རུ་ཁག་སྐར་མ་120ཡི་ནང་བསྡུར་གྲངས་1བསྡུར་1གཅིག་མཚུངས་ཡིན་པས། དྷ་སི་ཀ་ཊམ་རྒྱག་དགོས་འཁེལ་བ་དང་མཐར་ཨུ་རུ་སུ་རུ་ཁག་གིས་བསྡུར་གྲངས་5བསྡུར་4ཡི་ཐོག་ནས་སི་ཕེན་རུ་ཁག་ལས་རྣམ་པ་རྒྱལ་བས། རུ་ཁག་ལེགས་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཡོད།
              ཟླ་7ཚེས་3ཉིན་གྲོང་ཁྱེར་ཧྲེང་ཕི་ཏེ་པའོ་རུ་གཉེར་བའི་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་1/8མཐའ་བསྡུར་ནང་སུའེ་ཏེན་རུ་ཁག་གིས་བསྡུར་གྲངས་1བསྡུར་0ཐོག་ནས་སུའེ་ཙེར་རུ་ཁག་ལས་རྣམ་པར་རྒྱལ་བས་རུ་ཁག་ལེགས་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཡོད།
             ཟླ་7ཚེས་1ཉིན་གྲོང་ཁྱེར་ཤཱ་ནོའུ་ཧྥུའུ་ཀེ་ལོ་ཏེར་གཉེར་བའི་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་1/8མཐའ་བསྡུར་ནང་ཁ་རེ་ཤེ་ཡ་རུ་ཁག་དང་ཏེན་མག་རུ་ཁག་སྐར་མ་120ཡི་ནང་བསྡུར་གྲངས་1བསྡུར་1གཅིག་མཚུངས་ཡིན་པས། དྷ་སི་ཀ་ཊམ་རྒྱག་དགོས་འཁེལ་བ་དང་མཐར་ཁ་རེ་ཤེ་ཡ་རུ་ཁག་གིས་བསྡུར་གྲངས་4བསྡུར་3གྱི་སྤྱིའི་བསྡུར་གྲངས་ཐོག་ནས་ཏེན་མག་རུ་ཁག་ལས་རྣམ་པར་རྒྱལ་བས་རུ་ཁག་ལེགས་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཡོད།
            ཟླ་7ཚེས་2ཉིན་ཏུན་ཧོ་གཙང་འགྲམ་གྲོང་ཁྱེར་ལུའོ་སི་ཐོའུ་ཕུའུ་རུ་གཉེར་བའི་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་1/8མཐའ་བསྡུར་ནང་པེར་ཀྲེམ་རུ་ཁག་གིས་བསྡུར་གྲངས་3བསྡུར་2ཀྱི་ཐོག་ནས་རི་པིན་རུ་ཁག་ལས་རྣམ་པར་རྒྱལ་བས་རུ་ཁག་ལེགས་གྲས་བརྒྱད་ཀྱི་གྲས་སུ་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།