འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བྱམས་མཚོ་སྒྲོལ་མའི་ཞབས་བྲོའི་ཉམས་འགྱུར།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བྱམས་མཚོ་སྒྲོལ་མའི་ཞབས་བྲོའི་ཉམས་འགྱུར།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབའ་རྫོང་རིག་གནས་ཁང་དུ།  སྙན་ཞིང་འཇེབས་པའི་འབྲོག་པ་ཞེས་པའི་གླུ་དབྱངས་དང་མཉམ་དུ།  ཕོ་གསར་མོ་གསར་ཚོ་ཞིག་སྦྱོང་བརྡར་ཁང་དུ་རྔུལ་ཆུ་བཞུར་བཞིན་མཆིས་། དེ་ནི་མི་རིང་བར་འབའ་རྫོང་མེ་འཁོར་མགོའི་རིག་གནས་དུས་ཆེན་ཐོག་འཁྲབ་སྟོན་བྱ་རྒྱུའི་ཞབས་བྲོ་ཡང་ནས་ཡང་དུ་སྦྱོང་བཞིན་ཡོད་པས་རེད།
         གཙོ་འཁྲབ་པ་བྱམས་མཚོ་སྒྲོལ་མ་ནི་སྦྱོང་བརྡར་ཁྲོད་བློ་རྩེ་གཅིག་ཏུ་སྒྲིམ་ཞིང་། ཉམས་འགྱུར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། དུས་རྒྱུན་གྱི་འཚོ་བའི་ནང་དུ། བྱམས་མཚོ་སྒྲོལ་མ་ནི་ཉམ་ཆུང་གི་བུ་མོ་ཞིག་ཡིན་མོད། འོན་ཀྱང་རོལ་དབྱངས་ཀྱི་སྒྲ་ཐོས་མ་ཐག ཁོང་མོ་འཕྲལ་ཏུ་ཞབས་བྲོའི་འཛམ་གླིང་དུ་དབྱིངས་ནས་ཡིད་ཆེས་དང་སྤོབས་པས་ཁེངས་ཀྱི་རེད།
    ༄༅།།བྱམས་མཚོ་སྒྲོལ་མའི་ཞབས་བྲོའི་ཉམས་འགྱུར།
      

    ཕྱོགས་བསྡུས་གསར་འགྱུར།