འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའུ་ཡིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་སྒྲིག་གཞི་དང་རྣམ་གྲངས་ཁ་ཤས་
    མཚམས་འཇོག་བྱ་རྒྱུའི་ཆོག་མཆན་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་06ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
              མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའུ་ཡིས་《ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་སྒྲིག་གཞི་དང་རྣམ་གྲངས་ཁ་ཤས་མཚམས་འཇོག་བྱེད་པའི་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ཏེ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་གྲུའོ་ཡོས་རྒྱལ་སྤྱིའི་སློབ་གླིང་སོགས་སྒྲིག་གཞི་5དང་པེ་ཅིང་སློབ་ཆེན་དང་ཤང་ཀང་སློབ་ཆེན་མཉམ་ལས་བྱས་ཏེ་སོ་ནད་སྨན་པའི་རབ་འབྱམས་སློབ་གནས་ཀྱི་སློབ་གསོའི་རྣམ་གྲངས་གཉེར་བ་སོགས་ཀྱི་རྣམ་གྲངས་229ཁྲིམས་ལྟར་མཚམས་འཇོག་བྱ་རྒྱུ་ཡིན་པ་དེ་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་ལྟ་སྐུལ་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་གསར་གཏོད་བྱེད་པའི་གྲུབ་འབྲས་གལ་ཆེན་ཡིན་པ་མ་ཟད། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་ཁྱབ་ཁོངས་སུ་རྙིང་འབུད་གསར་བརྗེ་དང་བཟང་སྒྲིག་རིམ་སྤོར་གྱི་སྲིད་ཇུས་སྟོན་ཕྱོགས་ལ་སྐུལ་འདེད་མཐའ་གཅིག་ཏུ་གཏོང་བའང་མཚོན་པ་རེད།
              ད་ཕན་ལོ་ཤས་རིང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་ཐད་འཕེལ་རྒྱས་མྱུར་པོ་བྱུང་མོད། འོན་ཀྱང་དེ་དང་ཆབས་ཅིག་སྒྲིག་གཞི་དང་རྣམ་གྲངས་ཁ་ཤས་ལ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ནང་འདྲེན་བྱེད་ཚད་མི་འདང་བ་དང་། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་པོ་མེད་པ། རིག་ཚན་གྱི་ཆེད་ལས་ནུས་པ་ཆུང་བ། སྙིང་དོན་ལྡན་པའི་འཕེལ་རྒྱས་ཀྱི་ལམ་སྲོལ་མི་འདང་བ་སོགས་ཀྱི་གནད་དོན་ལྷག་པའི་དབང་གིས་སློབ་མའི་བློ་ཡིད་ཚིམས་ཚད་དམའ་བ་དང་། ཡིད་དབང་འགུག་ནུས་ཞན་པ། སློབ་གཉེར་བྱེད་སྒོ་སྤེལ་རྒྱུ་རྒྱུན་སྲིང་བྱེད་དཀའ་བ་སོགས་རེད། སྒྲིག་གཞི་དང་རྣམ་གྲངས་ཁ་ཤས་མཚམས་འཇོག་བྱས་ཏེ་ཕྱིར་འཐེན་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་གྱི་ནང་དོན་འཕེལ་རྒྱས་དང་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་། སློབ་གཉེར་སྟོན་ཕྱོགས་གསལ་པོ་དང་ཁྲིམས་ལྟར་སློབ་གཉེར་བྱ་རྒྱུར་ཕན་ཐོགས་ཡོད་པ། སློབ་མ་དང་ཁྱིམ་བདག་གི་ཁེ་དབང་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་ཀྱི་བློ་ཡིད་ཚིམས་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད་པ་བཅས་རེད། 2018ལོའི་ཟླ་6པར་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་ལས་སློབ་གཉེར་སྒྲིག་གཞི་དང་རྣམ་གྲངས་ཁྱོན་2342ཡོད་པའི་ནང་དངོས་གཞིའི་ཚན་ཁག་ཡན་གྱི་སྒྲིག་གཞི་དང་རྣམ་གྲངས་ཁྱོན་1090ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།