འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རིགས་གཅིག་མཁས་ཅན་གྱིས་བརྗོད་པར་ཀྲུང་གོའི་མང་ཚོགས་ཀྱི་ལུས་རྩལ"ཚན་པའི"ལུས་རྩལ་ནས་
    སྤྱི་ཚོགས་ཀྱི་ལུས་རྩལ་དུ་འགྱུར་བཞིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 12:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ལུས་རྩལ་འབུམ་རམས་པའི་མཐོ་རིམ་གླེང་སྟེགས་སྐབས་བདུན་པ་ཉིན་ཤས་གོང་ཧོ་ནན་དགེ་འོས་སློབ་ཆེན་དུ་གཉེར་བ་དང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་ཁག་གཅིག་གིས་མང་ཚོགས་ཀྱི་ལུས་རྩལ“ཚན་པའི”ལུས་རྩལ་ནས་སྤྱི་ཚོགས་ཀྱི་ལུས་རྩལ་དུ་འགྱུར་བཞིན་ཡོད་ཅེས་བརྗོད།
              པེ་ཅིང་ལུས་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རེན་ཧའེ་ཡིས་གླེང་སྟེགས་སུ་《“ཚན་པའི”ལུས་རྩལ་ནས་སྤྱི་ཚོགས་ཀྱི་ལུས་རྩལ་ཏེ། ཀྲུང་གོའི་མང་ཚོགས་ཀྱི་ལུས་རྩལ་འཕེལ་རྒྱས་ཐད་ཀྱི་བསམ་གཞིག་》ཅེས་པ་སྙན་སེང་ཞུས་པ་རེད། ཁོང་གིས་འཆར་ལྡན་དཔལ་འབྱོར་གྱི་དུས་རབས་སུ་ཀྲུང་གོ་ནི་ཚན་པའི་སྤྱི་ཚོགས་ཤིག་ཡིན་པ་དང་མི་རེ་ངོ་རེ་ནི“ཚན་པའི་མི”རེད། མང་ཚོགས་ཀྱི་ལུས་རྩལ་ཚན་པ་ཁག་གིས་སྒྲིག་འཛུགས་བྱེད་ཀྱི་ཡོད་ཅིང་། བཟོ་གྲྭ་དང་། སློབ་གྲྭ། ལས་ཁུངས། སྤྱི་ཚོགས། ཐོན་སྐྱེད་རུ་ཁག་སོགས་ནི་མང་ཚོགས་ཀྱི་ལུས་སྦྱོང་སྒྲིག་འཛུགས་བྱེད་མཁན་དུ་གྱུར་ཡོད།
            “སྒྲིག་འཛུགས་བྱེད་སྟངས་དེ་རིགས་ཀྱི་ཁྱད་ཆོས་ནི་སྐུལ་སློང་བྱེད་ཤུགས་ཆེ་བས་ཚང་མ་སྒྲིག་འཛུགས་དང་མཐུན་སྒྲིལ་ནུས་ལྡན་བྱེད་ཐུབ་ཀྱི་ཡོད། འོན་ཀྱང་དེའི་ཞན་ཆ་ནི་སྒྲིག་འཛུགས་ལ་བཀག་སྡོམ་ཡོད་པ་དང་གཞན་སྐུལ་ཡིན་པས་ཞུགས་མཁན་ཚང་མ་རང་མོས་མིན་ལ་ད་དུང་འགའ་ཞིག་ནི‘ལས་འགན’དང‘ལས་ཀ’ཡང་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཁྲོམ་རའི་དཔལ་འབྱོར་གོང་འཕེལ་སོང་བ་དང་བསྟུན་ནས‘ཚན་པའི་སྤྱི་ཚོགས’རིམ་གྱིས་མེད་པར་གྱུར་པ་དང་ཚན་པའི་ལུས་རྩལ་སྒྲིག་འཛུགས་ནུས་པ་ཉམས་ཞན་དུ་སོང་ཡང་རྦད་དེ་མེད་པར་གྱུར་མེད་ལ། ཚན་པ་མང་པོ་ཞིག་ནི་ད་ལྟ་ཡང་མང་ཚོགས་ལུས་སྦྱོང་སྒྲིག་འཛུགས་བྱེད་མཁན་ཡིན་རུང་གཙོ་ཁྲིད་པ་མིན”ཞེས་རེན་ཧའེ་ཡིས་བཤད།
            རེན་ཧའེ་ཡིས་མི་རྣམས་ཀྱི་ལུས་སྦྱོང་རིམ་གྱིས་ཚན་པ་དང་འབྲེལ་བ་མེད་པར་ཆགས་ནས་རང་མོས་དང་རང་འདོད་ཀྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད། “དེ་ལས་གནད་དོན་ཁག་གཅིག་ལྷག་ཡོད་པ་དཔེར་ན་མཉམ་སྡེབ་དང་ཚན་པའི་སྐུལ་སློང་མེད་ཚེ། སྒེར་གྱིས་སྒྱིད་ལུག་བྱས་ནས་ལུས་རྩལ་སྦྱོང་བརྡར་ཉུང་དུ་གཏོང་གི་ཡོད། འོན་ཀྱང་ད་ཆ་རྩ་འཛུགས་གསར་པས་ཚན་པའི་ཚབ་བྱེད་ཀྱི་ཡོད་པ་དཔེར་ན། རྒྱུག་ཤར་ཚོགས་པ་དང་སྤྲོ་སྐྱིད་ཁང་སོགས་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།