འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་པ་ལི་གླིང་ཕྲན་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བར་འགྲོ་སྐྱོད་ལམ་བུ་བཀོད་སྒྲིག་
    འོས་འཚམ་བྱས་ནས་རང་ངོས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་དུས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་གྱི་ཨ་ཀུང་མེ་རི་འཕྱུར་བའི་དོན་རྐྱེན་ལ་དམིགས་ནས་ཚེས་2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ད་རེས་ཀྱི་མེ་རི་འཕྱུར་བའི་དབང་གིས་ཀྲུང་གོའི་ཡུལ་སྐོར་བ་པ་ལི་གླིང་ཕྲན་དུ་ལུས་པའི་གནས་ཚུལ་ཐོན་མེད། ཉེ་དུས་པ་ལི་གླིང་ཕྲན་དུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བས་དུས་ཐོག་ཏུ་འབྲེལ་ཡོད་ཆ་འཕྲིན་ལ་དོ་སྣང་བྱས་ནས་འགྲོ་སྐྱོད་ལམ་བུ་བཀོད་སྒྲིག་འོས་འཚམ་བྱས་ཏེ་རང་ངོས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
             ལུའུ་ཁང་གིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ས་གནས་དེའི་དུས་ཚོད་ཟླ་6ཚེས་29ཉིན་པ་ལི་གླིང་ཕྲན་གྱི་ཨ་ཀུང་མེ་རི་འཕྱུར་བའི་ཤུགས་རྐྱེན་ཕོག་པ་ལས་པ་ལི་གླིང་ཕྲན་ཝུའུ་ལ་ལའེ་རྒྱལ་སྤྱིའི་གནམ་ཐང་གནས་སྐབས་ཆུ་ཚོད་12སྤྱོད་མཚམས་བཞག་པ་རེད། ཀྲུང་གོའི་ཕྱི་འབྲེལ་པུའུ་དང་ཏེང་པ་སར་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་དེའི་ཐད་ཚད་མཐོའི་མཐོང་ཆེན་བྱས་ཏེ་འཕྲལ་མར་འཕྲལ་སྒྲུབ་ལམ་སྲོལ་ལག་བསྟར་གྱིས་དུས་ཐོག་ཏུ་ཁེ་སྐྱོང་ཞབས་ཞུའི་དྲ་བ་དང་། ཁེ་སྐྱོང་ཐད་གཏོང་སྐད་འཕྲིན་སྤྱི་རྟགས། ཁེ་སྐྱོང་སྐད་སྒྲའི་དཔོད་ཆུང་དང་ཏེང་པ་སར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་དྲ་ཚུགས་དང་སྐད་འཕྲིན་སོགས་སྤྱད་དེ་གནས་ཚུལ་རྒྱུན་མཐུད་ངང་ཁྱབ་བསྒྲགས་བྱས་པ་དང་། གནམ་ཐང་སྤྱོད་མཚམས་བཞག་པ་དང་སྤྱོད་འགོ་ཚུགས་རྒྱུའི་གནས་ཚུལ་ངོ་སྤྲོད་བྱས་པ། ཀྲུང་གོའི་ཡུལ་སྐོར་བ་པ་ལི་གླིང་ཕྲན་དུ་སྡོད་རིང་མེ་རིའི་ཉེ་འགྲམ་དུ་སྐྱོད་མི་རུང་བའི་དྲན་སྐུལ་བྱས་པ་རེད། ཏེང་པ་སར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་འབྲེལ་ཡོད་མཁའ་འགྲུལ་ཀུང་སི་དང་ཡུལ་སྐོར་ལས་དོན་ཁང་དང་འབྲེལ་བ་དམ་ཟབ་བྱས་ནས་ཀྲུང་གོའི་ཡུལ་སྐོར་བར་རོགས་རམ་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།