འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མང་རའི་བྱེ་སྣ་རྒྱལ་ཁབ་ཀྱི་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་བྱེད་འགོ་རགས་ཙམ་བྱས་ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 12:21】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།མང་རའི་བྱེ་སྣ་རྒྱལ་ཁབ་ཀྱི་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་བྱེད་འགོ་རགས་ཙམ་བྱས་ཟིན་པ།
          བྱེ་སྣ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་སྨུག་ཐང་བྱེ་ཐང་གི་ཤར་ལྷོའི་ངོས་སུ་སྣུར་སྲིང་བྱེད་པའི་མདུན་གྲལ་དང་། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ་20ཙམ་དང་། ཤར་ནུབ་ཀྱི་ཞེང་ཚད་སྤྱི་ལེ་3.5ཙམ་ཡོད།  སྤྱི་ལོ་1996ལོ་ནས་མང་ར་རྫོང་གིས་བྱེ་སྣ་སྨུག་ཐང་དང་མཐའ་འཁོར་བྱེ་བཅོས་ནགས་བཟོའི་ནང་བཀོད་ནས་རྫོང་ཡོངས་སུ་བྱེ་ཐང་ཅན་བཅོས་སྐྱོང་གི་གཙོ་གནད་ས་ཁོངས་སུ་བཅུག  ལོ་ངོ་20ལྷག་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ད་ཆ་བྱེ་སེར་གྱི་མགོ་དེར་རིམ་བཞིན་ལྗང་མདངས་རྒྱས་བཞིན་ཡོད།
          2014ལོར་དེ་སྔའི་རྒྱལ་ཁབ་ནགས་ལས་ཅུས་ཀྱིས་མོས་མཐུན་བྱས་པ་བརྒྱུད་བྱེ་སྣ་དེ་རྒྱལ་ཁབ་ཀྱི་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུར་ཆོག་མཆན་གནང་ཡོད། ད་ཆ་བྱེ་སྣའི་ནང“བྱེ་ཐང་ཐོག་གི་སྤང་ལྗོངས”ཀྱི་ལྗོངས་གཟིགས་སྟེགས་བུ་དང་ཐང་ཆེན་ཆུང་ཆུང་།  ཤིང་གི་དོས་ཟམ་སོགས་མཁྲེགས་ཆས་སྒྲིག་བཀོད་འཛུགས་སྐྲུན་ཟིན་པ་དང་།  དེ་མཐའ་འཁོར་མང་ཚོགས་ཀྱི་སྤྲོ་གསེང་བྱེད་ས་ཡག་པོ་ཞིག་ཏུ་འགྱུར་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།མང་རའི་བྱེ་སྣ་རྒྱལ་ཁབ་ཀྱི་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་བྱེད་འགོ་རགས་ཙམ་བྱས་ཟིན་པ།
      

    ཕྱོགས་བསྡུས་གསར་འགྱུར།