འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱི་སྨྱན་སྦྱོར་གྱིས་ཀྲུང་གོ་གུང་ཁྲན་ཏང་ལ་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 12:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཚགས་པར་《ངལ་རྩོལ་གསར་འགྱུར་》ཐོག་ཚེས་1ཉིན་རྩོམ་ཡིག་སྤེལ་ནས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། འཕེལ་རྒྱས་བཅས་ཁྲོད་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་གནས་བབ་གལ་ཆེན་དང་ནུས་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་ཁྲའོ་ཞན་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པར་སྙིང་དབུས་ནས་རྟེན་འབྲེལ་ཞུ་རྒྱུ་དང་དེ་བཞིན་ཁྲའོ་ཞན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་སྔར་བས་ལེགས་སུ་གཏོང་རྒྱུའི་འདོད་མཐུན་ཆེན་པོ་འཁོད་ཡོད་པ་རེད།
              འགོ་བརྗོད་དུ་《ཀྲུང་གོ་གུང་ཁྲན་ཏང་གིས་བརྒྱུད་མྱོང་བའི་ངོ་མཚར་ཆེ་བའི་ལོ་རྒྱུས་ལམ་བུ་》ཞེས་པའི་རྩོམ་ཡིག་ནང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་ཀྲུང་གོ་གུང་ཁྲན་ཏང་གིས་བརྒྱུད་མྱོང་བའི་ལོ་97ཡི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དང་ལོ་རྒྱུས་ཀྱི་དུས་མཚམས་ཁག་ལ་ཐོབ་པའི་ངོ་མཚར་ཆེ་བའི་གྲུབ་འབྲས་ངོ་སྤྲོད་དང་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཇུས་ལམ་ཕྱོགས་དང་ཕྱི་འབྲེལ་སྲིད་ཇུས་སོགས་ངོ་སྤྲོད་བྱས་ཡོད། ད་དུང་ཡིག་ཚོགས་མང་པོའི་སྒོ་ནས་ཁྲའོ་ཀྲུང་གི་མཛའ་གྲོགས་སྔར་བས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ནན་བཤད་བྱས་པ་རེད།
             རྩོམ་ཡིག་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཡུན་རིང་འཐབ་རྩོད་བྱེད་པའི་ཁྲོད་དམག་དཔུང་དང་མི་དམངས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་ཀྲུང་གོའི་ལོ་རྒྱུས་ཐོག་གི་མི་དམངས་ཀྱི་རྒྱལ་ཁབ་ཐོག་མ་སྟེ—ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངོས་སུ་བཙུགས་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་དུས་བབ་རྙོག་འཛིང་ཆེ་བ་དང་དཀའ་ཚེགས་འཕྲད་པའི་དུས་སུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་ཁེ་ཕན་དང་འཚམ་པའི་ལམ་ཕྱོགས་དང་སྲིད་ཇུས་བཏོན་པ་དང་དེའི་ཆེད་ཏང་ཡོན་དང་མི་དམངས་ཡོངས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ་ཀྲུང་གོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་ནང་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་ཐོབ་པ་བྱས་ནས་རྒྱལ་ཁབ་ཀྱི་རྣམ་པ་གསར་རྐྱང་དུ་འགྱུར་བ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
            རྩོམ་ཡིག་ནང་རྒྱལ་ཁབ་གཉིས་ཀྱི་ཏང་དང་མི་དམངས་ཀྱི་ཐུན་མོང་འབད་བརྩོན་འོག་སླད་ཕྱིན་ཁྲའོ་ཀྲུང་མཛའ་གྲོགས་སྔར་བས་ཟབ་ཏུ་དང་འཕེལ་རྒྱས་འགྲོ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།