འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་
    ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་སྲིད་གཞུང་གིས་《ཀྲུང་གོ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་དང་དེ་ནི་ཀྲུང་གོས་གནད་དོན་དེར་དམིགས་ནས་རྒྱབ་ཤ་དཀར་པོའི་དེབ་འདོན་ཐེངས་དང་པོ་དེ་རེད། དེར་བརྟེན་ཨུ་རུ་སུའི་དཔལ་འབྱོར་རིགས་གཅིག་མཁས་ཅན་གྱིས་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་རྗེས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཕུལ་བའི་ལེགས་སྐྱེས་ལ་ཚད་མཐོའི་གདེང་འཇོག་བྱས་པ་རེད།
             ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་གི་ཤར་ཕྱོགས་རིག་པའི་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཨ་ལེ་ཁེ་ཞེ·མ་སི་ལུའོ་ཧྥུའུ་ཡིས་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་རྗེས་འཛམ་གླིང་ཚོང་དོན་འགྲོ་འོང་སྔར་བས་བྱེད་ཟབ་ཏུ་ཕྱིན་ནས་གོ་ལ་ཧྲིལ་པོའི་ཚོང་དོན་དངུལ་འབོར་རིམ་བཞིན་མང་དུ་ཕྱིན་པ་མ་ཟད། ཀྲུང་གོ་དང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་དབར་གྱི་ཚོང་དོན་དངུལ་འབོར་ཡང་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད་ཅེས་བཤད་པ་རེད།
            མ་སི་ལུའོ་ཧྥུའུ་ཡིས་ད་དུང་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་དེས་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་བཟང་ཕྱོགས་སུ་འགྱུར་ཡོད། ཀྲུང་གོའི་གློག་རྡུལ་ཐོན་རྫས་དང་ཚན་རྩལ་ཐོན་རྫས་གཞན་དག་ལ་འགྲན་རྩོད་ཀྱི་ལེགས་ཆ་ལྡན་པས་དེས་ཕྱི་རྒྱལ་ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཀྲུང་གོའི་ཁེ་ལས་དང་འགྲན་རྩོད་བཟང་པོ་བྱེད་པར་སྐུལ་འདེད་ཐེབས་པའི་ངོས་འཛིན་བྱས་པ་རེད།
            ཨུ་རུ་སུ་ཚན་རིག་ཁང་རྒྱང་ཤར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲུང་གོའི་གནད་དོན་རིགས་གཅིག་མཁས་ཅན་ཨན་ཏེ་ལི·ཨའོ་སི་ཐེ་ལུའོ་ཧྥུའུ་སི་ཅི་ཡིས་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་རྗེས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་དང་འབྲེལ་རྒྱལ་ཁབ་གཞན་དག་གིས་ཀྱང་སྒོ་དབྱེའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་བརྩོན་ལེན་བྱས་པ་རེད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་གི་མཉམ་ལས་ཇི་ལྟར་བྱས་ནས་ཆེ་རུ་གཏོང་བའི་ཐད་རང་འགུལ་ངང་བསམ་གཞིག་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་འབོ་གསེར་རྒྱལ་ཁབ་ཀྱི་ལམ་སྲོལ་སྒྲོམ་གཞིའི་ནང་ཚོང་དོན་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།