འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་ཡོངས་ཀྱི་ལུས་སྦྱོང་སྐབས་དང་པོའི་མི་ཁྲིས་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་ལྷ་སར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    འགྲན་ཞུགས་པ།
    འགྲན་ཞུགས་པ།
           མི་དམངས་དྲ་བའི་འཕྲིན། “6· 26 ”རྒྱལ་སྤྱིའི་དུག་འགོག་ཉིན་མོ་དེར“བདེ་ཐང་མི་ཚེ། ལྗང་མདོག་དུག་མེད། དམངས་ཡོངས་ལུས་སྦྱོང་། དམངས་ཡོངས་ཞུགས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དམངས་ཡོངས་ཀྱི་ལུས་སྦྱོང་སྐབས་དང་པོའི་མི་ཁྲིས་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཚོགས་པ་དང་། རང་སྐྱོང་ལྗོངས་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཚན་པའི་ལས་བཟོ་དང་། མཐོ་སློབ་སློབ་ཆེན་སློབ་མ། དྲག་ཆས་ཉེན་རྟོག་དཔོན་དམག  སྤྱི་བདེའི་མི་དམངས་ཉེན་རྟོག་པ་སོགས་མི་ཁྲི་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
            བྱེད་སྒོ་དེ་ནི་རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་རང་སྐྱོང་ལྗོངས་ལུས་རྩལ་ཅུས།  རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་ཡོད།  དེའི་དམིགས་ཡུལ་ནི་དམངས་ཡོངས་ཀྱི་ལུས་སྦྱོང་དར་སྤེལ་བཏང་སྟེ་། དམངས་ཡོངས་ཀྱིས་དུག་རྫས་གཏན་འགོག་ནང་ཞུགས་པ་དང་།  དུག་རྫས་དང་རིང་དུ་གྱེས་པའི་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་དེ་ཡིན།
           ད་ཐེངས་ཀྱི་རྒྱུག་ཤར་གློད་པའི་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་སྤྱི་ལེ་5ཡོད་པ་དང་། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་མཐར་ཚེ་རིང་བཟང་དཀར་དང་བསོད་ནམས་གཡུ་སྒྲོན་སོ་སོས་སྐྱེས་པ་དང་བུད་མེད་ཀྱི་ཨང་དང་པོ་བླངས་ཡོད།
    ༄༅།།དམངས་ཡོངས་ཀྱི་ལུས་སྦྱོང་སྐབས་དང་པོའི་མི་ཁྲིས་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་ལྷ་སར་སྤེལ་བ།
    ༄༅།།དམངས་ཡོངས་ཀྱི་ལུས་སྦྱོང་སྐབས་དང་པོའི་མི་ཁྲིས་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་ལྷ་སར་སྤེལ་བ།
    ༄༅།།དམངས་ཡོངས་ཀྱི་ལུས་སྦྱོང་སྐབས་དང་པོའི་མི་ཁྲིས་གྲོང་ཁྱེར་དུ་རྒྱུག་ཤར་གློད་པའི་བྱེད་སྒོ་ལྷ་སར་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།