འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནུབ་རྒྱུད་ཞིང་ཆེན་ལྔའི་དངུལ་རྩའི་སྡེ་ཚན"ལྷོ་ཕྱོགས་བགྲོད་ལམ"འཛུགས་སྐྲུན་ལ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཁྲུང་ཆིང་དང་། ཀོང་ཤིས། ཀུའེ་ཀྲོའུ། ཀན་སུའུ། མཚོ་སྔོན་བཅས་ཀྱི་མི་དམངས་དངུལ་ཁང་ཉིང་ལག་དངུལ་ཁང་གི་སྒྲིག་གཞིས་ཞིང་ཆེན་ལྔའི་ཀྲུང་སིང་མཉམ་སྦྲེལ་མཉམ་མཐུད་དཔེ་སྟོན་རྣམ་གྲངས་ཀྱི་ལྷོ་ཕྱོགས་བགྲོད་ལམ་འཛུགས་སྐྲུན་གྱི་སྣེ་ཁྲིད་སྡེ་ཚན་དང་མཉམ་དུ་ཁྲུང་ཆིང་དུ་《ཀྲུང་སིང་མཉམ་སྦྲེལ་མཉམ་མཐུད་རྣམ་གྲངས་ཀྱི་ལྷོ་ཕྱོགས་བགྲོད་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་མཉམ་ལས་བརྗེད་ཐོར་》མིང་རྟགས་བཀོད་པ་དང་། དངུལ་རྩའི་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“ལྷོ་ཕྱོགས་བགྲོད་ལམ”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
             ཀྲུང་སིང(ཁྲུང་ཆིང)འཐབ་ཇུས་རང་བཞིན་གྱི་མཉམ་སྦྲེལ་མཉམ་མཐུད་དཔེ་སྟོན་རྣམ་གྲངས་ནི་ཀྲུང་གོ་དང་སིང་ཀ་ཕོར་གྱི་སྲིད་གཞུང་དབར་གྱི་མཉམ་ལས་རྣམ་གྲངས་ཁག་གསུམ་པ་ཡིན་པ་དང་། “ལྷོ་ཕྱོགས་བགྲོད་ལམ”ནི་རྣམ་གྲངས་དེའི་སྒྲོམ་གཞིའི་འོག ཀྲུང་གོའི་ནུབ་རྒྱུད་འབྲེལ་ཡོད་ཞིང་ཆེན་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དབར་གྱི་མཉམ་ལས་ལ་བཏོད་པའི་རྒྱལ་སྤྱིའི་ཉོ་ཚོང་ཟོག་འགྲེམས་བགྲོད་ལམ་ཞིག་རེད། བགྲོད་ལམ་དེས་ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་དབོར་འདྲེན། མཁའ་འགྲུལ་སོགས་སྐྱེལ་འདྲེན་གྱི་བྱ་ཐབས་སྤྱད་དེ་ཁྲུང་ཆིང་ནས་ལྷོ་ཕྱོགས་ཀུའེ་ཀྲོའུ་སོགས་ས་ཆ་དང་། ཀོང་ཤིས་བྱང་ཕྱོགས་མཚོ་ཁུག་སོགས་མཚོ་རྒྱུད་དང་མཐའ་མཚམས་རྒྱུད་ཀྱི་འགག་སྒོ་བརྒྱུད་སིང་ཀ་ཕོར་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཟོག་འགྲེམས་མཚམས་ཚིག་གཙོ་བོར་ཤར་གཏོང་ཐུབ་ནས་ནུབ་རྒྱུད་ས་ཁུལ་གྱི་རྒྱ་མཚོ་སྒྲོལ་བའི་སྟབས་བདེའི་བགྲོད་ལམ་ཞིག་ཏུ་འགྱུར་རྒྱུ་རེད།
                མི་དམངས་དངུལ་ཁང་རྒྱལ་སྤྱི་སིའི་འབྲེལ་ཡོད་འགན་ཁུར་བས། མི་དམངས་དངུལ་ཁང་གིས་ས་ཆ་ལྔའི་མི་དམངས་དངུལ་ཁང་ཉིང་ལག་སྒྲིག་གཞིས་རང་ངོས་འགན་འཁྲི་དང“ལྷོ་ཕྱོགས་བགྲོད་ལམ”འཛུགས་སྐྲུན་གྱི་དགོས་མཁོ་ཟུང་འབྲེལ་ལ་རྒྱབ་སྐྱོར་དང་། དངུལ་རྩའི་སྡེ་ཚན་གྱིས“ལྷོ་ཕྱོགས་བགྲོད་ལམ”འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། “ལྷོ་ཕྱོགས་བགྲོད་ལམ”གཏོད་རྒྱུ་དེ་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་རྒྱལ་སྤྱིའི་སྐམ་མཚོ་ཉོ་ཚོང་གི་བགྲོད་ལམ་གསར་པར་འགྱུར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”དང་འབྲི་ཆུའི་དཔལ་འབྱོར་རྒྱུད་སྐྲུན་རོགས་བྱ་རྒྱུ་ཡིན་ཞེས་བརྗོད།
             “དངུལ་རྩའི་སྡེ་ཚན་དེར་ཞུགས་པ་ནི‘ལྷོ་ཕྱོགས་བགྲོད་ལམ’འཛུགས་སྐྲུན་གྱི་ཚད་བརྒལ་གསར་པ་ཞིག་རེད”ཅེས་ཀྲུང་སིང(ཁྲུང་ཆིང)འཐབ་ཇུས་རང་བཞིན་མཉམ་སྦྲེལ་མཉམ་མཐུད་དཔེ་སྟོན་རྣམ་གྲངས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧན་པའོ་ཁྲང་གིས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།