འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨའོ་ཧྥུའུ་ལ་ཏོར་གྱིས་མོ་ཞི་ཁོའི་ཙུང་ཐུང་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་04ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། མོ་ཞི་ཁོ་རྒྱལ་ཁབ་འདེམས་བསྐོ་ཨུ་ལྷན་གྱིས་ཚེས་1ཉིན་གྱི་དགོང་མོ་ཁྱབ་བསྒྲགས་བྱས་པའི་འདེམས་ཤོག་ལ་མྱུར་རྩིས་བརྒྱབ་པའི་འབྲས་བུ་ལས་མངོན་པར་གཞིགས་ན། གཡོན་རུའི་རྒྱལ་ཁབ་བསྐྱར་དར་ལས་འགུལ་ཏང་གི་ཙུང་ཐུང་གི་འོས་མི་ཨན་ཏེ་ལེ་སི·མན་ནུའུ་ཨེར·ལུའོ་ཕེ་སི·ཨའོ་ཧྥུའུ་ལ་ཏོར་ཙུང་ཐུང་འདེམས་བསྐོའི་ནང་འདེམས་ཤོག་ཐོབ་གྲངས་མང་བའི་ཐོག་ནས་ཙུང་ཐུང་ལ་བདམས་པ་རེད། དེ་རྗེས་ཁོང་གིས་སྐབས་འདིའི་ཙུང་ཐུང་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད།
              ད་ཐེངས་ཀྱི་ཙུང་ཐུང་འདེམས་བསྐོའི་ནང་མོ་ཞི་ཁོ་རྒྱལ་ཁབ་འདེམས་བསྐོ་ཨུ་ལྷན་གྱིས་འདེམས་ཤོག་འཕེན་སའི་ཁྲོད་5%ཡི་འཐུས་ཚབ་རང་བཞིན་གྱི་མ་དཔེ་བདམས་ནས་འདེམས་ཤོག་ལ་མྱུར་རྩིས་བརྒྱབ་ཡོད། མཇུག་འབྲས་དངོས་སུ་ཁྱབ་བསྒྲགས་མ་བྱས་གོང་འདེམས་བསྐོའི་མཇུག་འབྲས་སྔོན་དཔག་བྱེད་ཀྱི་ཡོད། འདེམས་ཤོག་མྱུར་རྩིས་བརྒྱབ་པའི་འབྲས་བུ་ལས་མངོན་དོན། ཨའོ་ཧྥུའུ་ལ་ཏོར་ལ་53%ལས་བརྒལ་བའི་འདེམས་ཤོག་ཐོབ་ནས་འདེམས་ཤོག་ཐོབ་ཚད་ཨང་གཉིས་པ་ལས་བརྒྱ་ཆའི་གྲངས་30ཡིས་མཐོ་བ་ཡོད། དེ་རྗེས་ཨའོ་ཧྥུའུ་ལ་ཏོར་གྱིས་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་དུ་འཚོགས་པའི་གཞི་ཁྱོན་ཆེ་བའི་འདུ་ཚོགས་ཐོག་གཏམ་བཤད་བྱས་པ་དང་འབྲེལ་འདེམས་བསྐོའི་ནང་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད།
             ཨའོ་ཧྥུའུ་ལ་ཏོར་གྱིས་སླད་ཕྱིན་སྐད་ཆ་ཤོད་རེས་ཀྱི་ཐོག་ནས་རྒྱལ་ཡོངས་མཐུན་འགྲིག་ཡོང་རྒྱུར་གཞོལ་ཏེ་མི་མཐུན་པ་ཞི་བའི་ངང་ཐག་གཅོད་བྱས་ནས་ཕྱི་རྒྱལ་གྱི་ཐེ་ཇུས་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད། གཞན་ཡང་ཁོང་གིས་ཨ་རི་དང་ཕན་ཚུན་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཨ་རིར་ཡོད་པའི་མོ་ཞི་ཁོའི་གནས་སྤོས་ཡུལ་མིའི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་བྱེད་པ་དང་འབྲེལ་ཨ་རི་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བརྗོད། ཁོང་གིས་དམངས་ཚོགས་ལ“མོ་ཞི་ཁོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ཁྱེད་ཚོའི་རེ་བ་སྟོང་ཟད་དུ་གཏོང་གི་མིན”ཞེས་བཤད།
            མོ་ཞི་ཁོའི་ཙུང་ཐུང་ནི་ཐད་ཀའི་ཡོངས་ཁྱབ་འདེམས་བསྐོའི་ཁྲོད་ནས་ཐོན་པ་དང་འགན་ཡུན་ལོ་6ཁུར་རྗེས་ཚེ་གང་བསྐྱར་དུ་འདེམས་ཀྱི་མེད། འདེམས་བསྐོའི་བརྒྱུད་རིམ་ཁྲོད་འདེམས་ཤོག་འཕེན་ཐེངས་གཅིག་ལས་མེད་པ་དང་འདེམས་ཤོག་མང་ཤོས་ཐོབ་མཁན་ལ་རྒྱལ་ཁ་ཐོབ་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།