འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོར་སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་དུང་ཕྱུར་33ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བཟོ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཞུང་གིས་ཉིན་ཤས་གོང་འཚོགས་པའི་2018ལོའི་འཛམ་གླིང་སྒུལ་བདེའི་ཚོགས་ཆེན་གྱི་GTIརྒྱལ་སྤྱིའི་ཐོན་ལས་དབུ་ཚོགས་ཐོག ཉེ་བའི་ལོ་ཤས་རིང་4Gདྲ་རྒྱ་ཁྱབ་གདལ་དང་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ་ཆ་འཕྲིན་དང་འཕྲིན་གཏོང་ཞབས་ཞུ་གོ་ལ་ཧྲིལ་པོར་རྒྱ་ཁྱབ་ངང་སྤྱོད་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཤིང་། 2017ལོའི་བར་གོ་ལ་ཧྲིལ་པོར་སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་དུང་ཕྱུར་33ཟིན་པ་དང་། 2017ལོར་སྒུལ་བདེའི་ཐོན་ལས་ཀྱིས་གོ་ལ་ཧྲིལ་པོའི་GDPཡི་སྤྱིའི་བསྡོམས་འབོར་གྱི་4.5%བཟུང་ཡོད་ཅེས་བཤད།
         ཁྲེན་ཀྲའོ་ཞུང་གིས་རབས་གསར་པའི་སྒུལ་བདེའི་འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་ནས་སྒུལ་བདེའི་དྲ་སྦྲེལ་དང་། ཟོག་སྦྲེལ་དྲ་རྒྱ། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་དང་མཉམ་འདྲེས་བྱུང་ནས་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་ཟམ་མི་ཆད་པར་ཐོན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་གྱུར་ཡོད། སྤྱོད་འགོ་ཚུགས་ཉེར་ཡོད་པའི་5Gཡིས་བྱ་དངོས་ཡོད་དོ་ཅོག་ཟུང་སྦྲེལ་དང་མཉམ་འདྲེས་གཏིང་ཟབ་ཀྱི་དུས་མཚམས་གསར་པ་ཞིག་བཏོད་ནས་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་ཐོན་ལས་གསར་གཏོད་འཕེལ་རྒྱས་ལ་སྔར་བས་ཁྲིད་སྟོན་དང་། དཔལ་འབྱོར་དང་སྤྱི་ཚོགས་གྲངས་གཞི་ཅན་དུ་འགྱུར་བར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བཤད།
          ཀྲུང་གོ་སྒུལ་བདེའི་ཏུང་ཧྲི་ཀྲང་ཧྲང་པིང་གིས་དབུ་ཚོགས་ཐོག དུས་མཚམས་རྗེས་མར་ཀྲུང་གོ་སྒུལ་བདེས“འབྲེལ་མཐུད་ཆེ་མོའི”འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་5Gདང་མི་ཐབས་རིག་ནུས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུ་དང་། ཆ་འཕྲིན་དང་འཕྲིན་གཏོང་གི་རྩེར་སོན་གྱི་རྨང་གཞིའི་སྒྲིག་བཀོད་བཏོད་དེ་TDD/FDDམཉམ་འདྲེས་དྲ་བ་བཟོས་ནས་གཞི་ཁྱོན་ལྡན་པའི་ངང་སྤྱོད་རྒྱུ་དང་། NB-IOTགཞི་ཁྱོན་ལྡན་པའི་ངང་ཚོང་ལས་ལ་སྤྱོད་རྒྱུ། ཁེར་རྐྱང་གི་དྲ་བ་བཟོ་བ་དམིགས་ཡུལ་དུ་བྱས་ནས་5Gདྲ་རྒྱའི་འཆར་གཞི་འདིང་བ་དང་། 5Gདྲ་རྒྱའི་བཀོད་སྒྲིག་སྤྲིན་པ་ཅན་ལ་སྐུལ་འདེད་གཏོང་བ། 5Gམཐའ་སྣེའི་དབར་ལག་རྩལ་བྱང་ཆུབ་པོ་ཡོང་བར་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ནས་རྒྱལ་སྤྱིའི་ཐོག་སྔོན་ཐོན་གྱི་5Gདྲ་རྒྱ་གཏོད་རྒྱུ། 5G+མི་ཐབས་རིག་ནུས་དང་བློ་གྲོས་ཀྱི་གཉེར་སྐྱོང་བྱེད་སྟངས་དང་ཞབས་ཞུའི་འཇོན་ཐང་བཏོད་དེ་ཁྱིམ་ཚང་གི་ལས་སྒོ་དང་ཐད་འབྲེལ་ལས་རིགས་ཀྱི་རིག་ནུས་ཅན་བེད་སྤྱོད་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ། དྲ་ཐོག་དང་དྲ་ཕྱིའི་ཕྱོགས་བསྡུས་ནུས་པ་སྒོ་དབྱེའི་ལས་སྟེགས་བཏོད་ནས་5Gདང་། མི་ཐབས་རིག་ནུས། གྲངས་གཞི་ཆེ་མོ། སྤྲིན་རྩིས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་རྒྱུ་བཅས་ཡིན་ཞེས་བཤད།
          ཀྲུང་གོ་གློག་འཕྲིན་གྱི་སྤྱི་ཁྱབ་ཅིང་ལི་ལིའུ་ཨའེ་ལི་ཡིས་སྒུལ་བདེའི་ཚོགས་ཆེན་ཐོག་ད་ཆ་སྒུལ་བདེའི་འཕྲིན་གཏོང་ལས་སྒོ“དམངས་ཡོངས”ལ་ལག་ཐོགས་ཁ་པར་དབང་བའི་དུས་རབས་སུ་སླེབས་པ་དང་། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་འཕར་བ་ནི་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་ལས་བྱུང་བ་དང་། དེས་བཟུང་བའི་GDPཡི་བསྡུར་གྲངས་2008ལོའི་15.2%ནས་2017ལོའི་32.9%བར་མང་དུ་ཕྱིན་ཡོད། ཆ་འཕྲིན་ཅན་དང་ལས་རིགས་ཁག་མཉམ་འདྲེས་བྱུང་བ་ལས་གྲུབ་པའི་ཐོན་ལས་ཀྱི་གྲངས་གཞི་ཅན་དེ་ཉིད་གྲངས་གཞིའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།