འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་དབྱར་ཁའི་སྐྱེལ་འདྲེན་རིང་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་རྩིས་བྱས་ན་འགྲུལ་
    པ་མི་ཐེངས་དུང་ཕྱུར་6.47དབོར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་གསར་འགོད་པས་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱས་པར། ཟླ་7ཚེས་1ཉིན་2018ལོའི་དབྱར་ཁའི་སྐྱེལ་འདྲེན་དངོས་སུ་འགོ་ཚུགས་པ་དང་ཟླ་8ཚེས་31ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། ཁྱོན་ཉིན་62ཡོད། དབྱར་ཁའི་སྐྱེལ་འདྲེན་རིང་། རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་6.47དབོར་སྐྱེལ་བྱ་རྒྱུ་ཡིན་པ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་4590མང་དུ་ཕྱིན་ནས་7.6%འཕར་རྒྱུ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་1043དབོར་རྒྱུ་ཡིན་པ་རེད།
         ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་དབྱར་ཁའི་སྐྱེལ་འདྲེན་ལ་ལྕགས་ལམ་འགྲུལ་པ་མང་བ་དང་ལྷག་པར་དུ་ཁྱིམ་ཚང་གི་ཡུལ་སྐོར་འགྲུལ་པས་བསྡུར་ཚད་ཅུང་ཆེ་བ་བཟུང་ཡོད། ལྕགས་ལམ་སྡེ་ཚན་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་དང་ཞབས་ཞུ་ལེགས་སུ་བཏང་ནས་རྒྱ་ཆེའི་འགྲུལ་པའི་ཕྱིར་སྐྱོད་དགོས་མཁོ་ཧུར་ཐག་སྐོང་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།