འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མང་པོ་ཐོན་པའི་སྣང་ཚུལ་སྔར་བས་
    བཀག་འགོག་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁེ་ལས་ཀྱི་གླ་ཕོགས་འགྱངས་ཆད་གནད་དོན་ཐག་གཅོད་བྱེད་པའི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུས་ཉིན་ཤས་གོང་2017ལོའི་ལོ་འཁོར་གྱི་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་འགན་ལེན་གྱི་ལས་ཀའི་དཔྱད་ཞིབ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཞིང་ཆེན(གྲོང་ཁྱེར)བཅུ་Aརིམ་པར་བདམས་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)18དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་Bརིམ་པར་བདམས་ཤིང་། ཞིང་ཆེན(རང་སྐྱོང་ལྗོངས)གསུམ་Cརིམ་པར་བདམས་པ་རེད། པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུས་དཔྱད་ཞིབ་རིམ་པ་Cཡིན་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་ལ་སྐོང་འདྲི་བྱས་ནས་ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་མ་བཏང་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་སྲིད་གཞུང་གི་ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་དོན་འཁྱོལ་དང་། ཞིང་པ་ལས་མིའི་ངལ་རྩོལ་གླ་ཆའི་ཁེ་དབང་འགན་ལེན་ཏན་ཏིག་བྱས་ནས་2020ལོར་སླེབས་སྐབས་ཞིང་པ་ལས་མིའི་གླ་ཆ་སྤྱིར་ན་འགྱངས་ཆད་མེད་པའི་ལས་ཀའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ན་ནིང་གི་ཟླ་12པར་《ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་འགན་ལེན་གྱི་ལས་ཀའི་དཔྱད་ཞིབ་བྱེད་ཐབས་》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་སྤེལ་བའི[2017]ཨང་6པ)བཀྲམ་ནས། 2017ལོ་ནས་2020ལོའི་བར་ལོ་ལྟར་ཞིང་ཆེན་རིམ་པའི་སྲིད་གཞུང་ཁག་ཏུ་དཔྱད་ཞིབ་ཐེངས་གཅིག་བྱེད་པ་དང་། དཔྱད་ཞིབ་ལོ་འཁོར་དེ་སང་ལོའི་ལོ་སྟོད་ནས་འགོ་འཛུགས་པ་དང་ཟླ་བ་བཞི་པའི་ཟླ་མཇུག་གོང་ལེགས་སྒྲུབ་བྱ་རྒྱུ་རེད། དཔྱད་ཞིབ་གྲུབ་འབྲས་Aདང་། B Cབཅས་རིམ་པ་གསུམ་དུ་དབྱེ་རྒྱུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མོས་མཐུན་བརྒྱུད་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུས་ཞིང་ཆེན་རིམ་པ་ཁག་གི་སྲིད་གཞུང་ལ་བརྡ་ཁྱབ་གཏོང་རྒྱུ་མ་ཟད། ཀྲུང་དབྱང་རྩ་འཛུགས་པུའུ་ལ་བཤུས་འབུལ་བྱས་ཏེ་ཞིང་ཆེན་རིམ་པ་ཁག་གི་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་དང་འབྲེལ་ཡོད་འགོ་ཁྲིད་ལས་བྱེད་པར་ཕྱོགས་བསྡུས་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་གཞི་འཛིན་སར་བརྩི་རྒྱུ་རེད།
         ཉིན་ཤས་གོང་། 2017ལོའི་ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་ལེགས་སྒྲུབ་ཟིན་ཞིང་། ཉེ་དུས་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུས་དཔྱད་ཞིབ་གྲུབ་འབྲས་ཞིང་ཆེན་རིམ་ཁག་གི་སྲིད་གཞུང་ལ་ཡིག་ཐོག་ནས་བརྡ་ཁྱབ་བཏང་ཡོད། བརྡ་ཁྱབ་ནང་། འདས་པའི་ལོ་གཅིག་རིང་ས་ཁུལ་ཁག་གིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་གནད་དོན་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱེད་པའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ནན་པོ། ལྟ་སྐུལ་དོ་དམ་གྱི་འགན་འཁྲིར་ཤུགས་སྣོན། ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་འགན་ལེན་གྱི་ལས་དོན་ལ་མངོན་གསལ་དོད་པའི་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་མང་པོ་ཐོན་པའི་རྣམ་པ་སྔར་བས་བཀག་འགོག་ཐུབ་ཡོད། འོན་ཀྱང་དཔྱད་ཞིབ་གནས་ཚུལ་ནས་བལྟས་ཚེ། ས་ཁུལ་མི་འདྲ་བའི་དབར་ལས་དོན་དོ་སྙོམས་མེད་པས་ས་ཁུལ་ཁག་ཏུ་ཚད་གཞི་འདྲ་མིན་གྱི་གནད་དོན་ཁག་ལྷག་ཡོད་ལ། གནད་དོན་འགའ་ཤས་ཅུང་མངོན་གསལ་དོད་པོ་ཡོད་པ་རེད། གཙོ་གནད་ཐག་གཅོད་བྱེད་དགོས་པའི་གནད་དོན་ནི་ཟླ་བ་གཞིར་བཟུང་གླ་ཆ་གྲངས་ཚང་སྤྲོད་པ་དང་། ཞིང་པ་ལས་མིའི་མིང་ངོ་མ་འགོད་པའི་དོ་དམ་ལམ་ལུགས། གླ་ཆ་འགན་ལེན་མ་དངུལ། ཞིང་པ་ལས་མིའི་གླ་ཆ་ཆེད་སྤྱོད་རྩིས་ཐོ་དོ་དམ་སོགས་གླ་ཆ་སྤྲོད་པའི་འགན་ལེན་གྱི་ལམ་ལུགས་དང་བྱེད་ཐབས་ད་དུང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་མེད་པ་དང་། སྲིད་གཞུང་མ་འཇོག་ལས་གྲྭའི་རྣམ་གྲངས་ཀྱི་གླ་ཆ་འགྱངས་ཆད་གནད་དོན་སྔར་བཞིན་ཅུང་མངོན་གསལ་དོད་པས། ཁོངས་གཏོགས་ཁུལ་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་དོན་འཁྱོལ་བྱེད་དགོས་ཞེས་བཏོན་ཡོད།
         སྐོང་འདྲི་བྱེད་རིང་། ས་ཁུལ་ཁག་དང་ལྷག་དོན་དུ་སྐོང་འདྲི་བྱས་པའི་ས་ཁུལ་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ཁོངས་གཏོགས་ཁུལ་དང་སྡེ་ཚན་གྱི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་པ་ལས་མིར་བརྩེ་སེམས་ཟབ་མོ་བཅངས་ནས་ཞིང་པ་ལས་མིའི་གླ་ཆ་སྤྲོད་པའི་འགན་ལེན་གྱི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད། སྐོང་འདྲི་བྱེད་རིང་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་མི་དམངས་སྲིད་གཞུང་གིས་དམ་པ་དོན་གཉེར་དང་གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་དུ་གཏོང་བ་དང་། དག་ཐེར་དོན་འཁྱོལ་ནན་པོ། གནས་པའི་གནད་དོན་གཅིག་ཤེས་ཀུན་གྲོལ། གནད་དོན་གསེད་བཀྲོལ་དང་། གནད་དོན་ལ་དམིགས་པ། གནད་དོན་གྱི་འབྱུང་ཁུངས་འཚོལ་བ་བཅས་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་ལ་བརྟེན་ཏེ་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དུས་རྒྱུན་ནས་ལས་ཀར་ཤུགས་སྣོན་རྒྱག་པ། སྒྲིག་ལམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གླ་ཆ་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་དང་སྤྲོད་པའི་འགན་ལེན་གྱི་ལས་ཀའི་མ་ལག་རང་བཞིན་དང་། ཚན་རིག་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།