འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ལག་གདང་སྦྲེལ་ནས་སྐྱོད་མཁན་གྱི་མཉམ་ལས་རོགས་ཟླ།

    —— ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ཨ་ཧྥེ་རི་ཁའི་གཏམ་རྒྱུད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཐུ་ནི་སི་ནས་ཡིན་པའི་ལུའུ་ཐེ་ཧྥེ་·ལ་ཅི་སྨིས་རང་ཉིད“ཀྲུང་གོའི་མཉམ་ལས་རོགས་ཟླ”ཞིག་ཡིན་པར་བརྗོད་ཀྱི་ཡོད།
         དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་འགོར་རང་ཉིད་ཀྱི་ཨ་ཕའི་ས་ནས་འཕྲུལ་འཁོར་བཟོ་སྟངས་སྦྱངས་མྱོང་བའི་ན་གཞོན་ལ་ཅི་སྨིས་ཀྲུང་གོའི་ཆུ་ཤུགས་གློག་ཁང་ཨར་སྐྲུན་ཚོགས་པས་ཐུ་ནི་སིར་འཕྲུལ་འཁོར་བཟོ་མཁན་བསྡུ་བའི་སྐབས་དང་ཏག་ཏག་འཁེལ་བས་ལས་ཡུལ་དུ་རླངས་འཁོར་ཉམས་བཟོ་བྱེད་པའི་ལས་ཀ་ཞིག་འཕྲལ་མར་རག་པ་ནས་བཟུང་ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱེད་པའི་འགོ་བརྩམས་ཤིང་། དེ་ནས་བཟུང་མཉམ་ལས་ལོ་ཉི་ཤུ་ལྷག་བྱས་པ་རེད།
         2015ལོར་འཕྲུལ་འཁོར་བཟོ་མཁན་བྱེད་མྱོང་བའི་ཁོང་གིས་མཉམ་ལས་རོགས་ཟླའི་མིང་ཐོག་ནས་ཀྲུང་གོའི་ཆུ་ཤུགས་གློག་ཁང་ཨར་སྐྲུན་ཚོགས་པ་དང་མཉམ་ལས་བྱས་ཏེ་ཐུ་ནི་སིའི་ནུབ་རྒྱུད་ལ་ཆུ་རགས་ཆེན་པོ་ཞིག་རྒྱག་པའི་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་ཐོབ་རྒྱུ་ལམ་ལྷོངས་བྱུང་བ་རེད།
         ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་། རྒྱ་ཆེ་བའི་ཨ་ཧྥེ་རི་ཁའི་ས་གཞི་ཆེ་མོའི་ཐོག་ཨ་ཧྥེ་རི་ཁ་བ་མང་པོ་ཞིག་ཀྲུང་གོ་བ་དང་མཉམ་དུ་ལས་ཀ་དང་ཨར་སྐྲུན་བྱེད་པའི་ནང་ཞུགས་ཏེ་ལག་གདང་སྦྲེལ་ནས་མཉམ་དུ་ཡར་རྒྱས་ཡོང་ཐབས་བྱས་པས་མི་སྒེར་གྱི་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་། རྒྱལ་ཁབ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཡོང་བ། ས་ཁུལ་གྱི་མཉམ་ལས་རིམ་སྤོར་བྱེད་པའི་ངོ་མཚར་གྱི་གཏམ་རྒྱུད་ཡང་ཡང་བརྩམས་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕན་ཚུན་གཉིས་ཕན་དང་མཉམ་དུ་འཚར་ལོངས་ཡོང་བའི་ལོ་རྒྱུས་ཀྱི་མཛེས་རིས་ཤིག་བྲིས་དང་འབྲི་བཞིན་ཡོད།
         “ལོ་ཉི་ཤུའི་གོང་། ང་ཀྲུང་གོའི་ཆུ་ཤུགས་གློག་ཁང་ཨར་སྐྲུན་ཚོགས་པའི་ལས་ཡུལ་གྱི་རླངས་འཁོར་བཟོ་མཁན་ཞིག་ཡིན་པ་ཡིད་ཆེས་སམ”ཞེས་ལ་ཅི་སྨིས་རང་ཉིད་ཀྱི་འབད་འཐབ་སྐོར་གླེང་སྐབས་མྱོང་བ་ཟབ་མོ་ཞིག་གིས་སེམས་གཏིང་གི་སྤོབས་པ་གནོན་མི་ཐུབ་པའི་ངང་དེ་ལྟར་བཤད།
         ཀྲུང་གོ་ཆུ་ཤུགས་གློག་ཁང་ཨར་སྐྲུན་ཚོགས་པའི་ཅུས་བཅོ་ལྔ་པའི་ཐུ་ནི་སིའི་རྣམ་གྲངས་པུའི་སྤྱི་གཉེར་བ་ཤུའེ་མིང་ཤིན་གྱིས་ལ་ཅི་སྨི་ནི་ཀྲུང་གོ་ཆུ་ཤུགས་གློག་ཁང་ཨར་སྐྲུན་ཚོགས་པའི་གྲོགས་པོ་རྙིང་པ་ཞིག་ཡིན་ལ། ཀྲུང་གོ་ཆུ་ཤུགས་གློག་ཁང་ཨར་སྐྲུན་ཚོགས་པས་ཆུ་རགས་རྣམ་གྲངས་འོས་སྐུལ་འོས་དཔོད་བྱེད་རིང་གི་མཉམ་ལས་རོགས་ཟླ་དང་པོའང་ཡིན་པ་བཤད་མྱོང་།
         ཤུའེ་མིང་ཤིན་གྱིས“ཨ་ཧྥེ་རི་ཁའི་ལས་མི་འཚར་ལོངས་ཡོང་བ་དང་ཨ་ཧྥ་རི་ཁ་བར་གྲུབ་འབྲས་ཐོབ་པ་མཐོང་སྐབས། ང་ཚོ་སེམས་གཏིང་ནས་དགའ་ཚོར་སྐྱེ་ཡི་འདུག”ཅེས་བཤད།
         ལ་ཅི་སྨི་ཀྲུང་གོ་དང་ལས་འབྲེལ་བྱུང་བ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཡུན་རིང་མཉམ་ལས་ཁྲོད་ཀྱི་མཚོན་ཚུལ་ཞིག་རེད། ལོ་40ཡི་སྒྱུར་བཅོས་སྒོ་དབྱེའི་ནང་ཀྲུང་གོའི་ཁེ་ལས་མང་པོ་ཞིག་ཨ་ཧྥེ་རི་ཁར་བསྐྱོད་དེ་ས་གཞི་དེའི་ཐོག་ཨ་ཧྥེ་རི་ཁའི་མི་དམངས་དང་མཉམ་དུ་ལས་གྲྭ་ཆེན་པོའི་རྣམ་གྲངས་གཅིག་མཇུག་གཉིས་མཐུད་ངང་བསྐྲུན་པས་རང་ངོས་ཀྱི་སྟོབས་ཤུགས་ཆེ་རུ་སོང་བ་མ་ཟད། ཨ་ཧྥེ་རི་ཁ་འཕེལ་རྒྱས་འགྲོ་རྒྱུར་ཡང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
         ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་ཞིབ་འཇུག་བྱེད་མཁན་མ་ཏ་ཀ་སི་ཁར་གྱི་མཁས་དབང་ཨེན་ཏེ་ལི་ཨན་ཅ་·ལ་ཐེ་ལི་མུའུ་ཨ་ཕུའུ་ནུའུ་དབྱིས་རྨང་གཞིའི་སྒྲིག་བཀོད་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོས་འཛམ་གླིང་ལ་བཏོན་པའི་འཕེལ་རྒྱས་གཏོང་སྟངས་ཤིག་རེད་ཅེས་བཤད།
          ན་ནིང་རྒྱལ་སྤྱིའི་བློ་འདྲི་སྒྲིག་གཞིའི་མེ་ཁེན་ཤིས་ཀུང་སིའི་སྙན་ཞུ་ཞིག་ནང་། འདས་པའི་ལོ་བཅུ་ཡི་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་ལོའི་ཚོང་དོན་འཕར་ཚད་20%ཙམ་ཡིན་པ་དང་ལོའི་ཐད་ཀར་མ་འཇོག་འཕར་ཚད་40%ཙམ་མང་དུ་སོང་བ་མངོན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མོང་ནེ་ལྕགས་ལམ་དང་། ཡ་ཅི་ལྕགས་ལམ། ཁོ་ཐེ་ཏི་ཝོར་གྱི་སུའུ་པོ་ལུའེ་ཆུ་ཤུགས་གློག་ཁང་སོགས་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཆེན་པོ་མང་པོ་བསྐྲུན་པ་དེས་ཨ་ཧྥེ་རི་ཁར་མ་འཇོག་དང་། དོ་དམ་ཉམས་མྱོང་། གསར་གཏོད་ཀྱི་གསོན་ཤུགས་བཅས་བྱུང་ནས་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།
         2015ལོར་ཨེ་པོ་ལའི་རིམས་ནད་ཨ་ཧྥེ་རི་ཁ་ནུབ་མའི་གང་སར་མཆེད་པའི་སྐབས། ཀྲུང་གོའི་སྨན་བཅོས་རུ་ཁག་འཕྲལ་མར་རིམས་ནད་མཆེད་ཚབས་ལྕི་ཁུལ་གྱི་སི་ར་ལ་ཨོང་ལ་བསྐྱོད་ཡོད།
         “སྐབས་དེ་དུས་ང་སྨན་ཁང་དུ་འཆི་རྒྱུ་རེད་སྙམ་ཡང་བསམ་ཡུལ་ལས་འདས་པའི་ངང་སྲོག་ཉེན་ལས་ཐར་ནས་གསོན་པོར་གནས་ཐུབ་པ་བྱུང་བས། ཀྲུང་གོའི་སྨན་པ་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སི་ར་ལ་ཨོང་གི་ཧྥུ་རི་ཐོན་གྱི་ཀྲུང་གོ་དང་སི་ར་ལ་ཨོང་གི་མཛའ་གྲོགས་སྨན་ཁང་གི་ནད་ཁང་དུ་བསྡད་པའི་ལོ་21ལ་སླེབས་པའི་བུ་མོ་ཉི་ཧེས་གསར་འགོད་པར་དེ་ལྟར་བཤད།
         ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ནད་པ་སྲོག་ཉེན་ལས་བསྐྱབས་པ་མ་ཟད། ད་དུང་དེ་གར་སྨན་བཅོས་བྱེད་སྟངས་ཀྱང་བསླབས་ཤིང་། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་1994ལོ་ནས་བཟུང་ཐུ་ནི་སིའི་ས་གནས་སྨན་པར་གསེར་ཁབ་རྒྱག་སྟངས་བསླབས་ནས་ད་བར་སྦྱངས་པ་ཐོན་པ་160ལྷག་བྱུང་ཡོད།
         སྒྱུར་བཅོས་སྒོ་དབྱེའི་ཐོག་མའི་དུས་སུ། སྨན་པ་དང་ནད་པའི་དབར་གྱི་འབྲེལ་ལམ་ཡག་པོ་ཡོང་བ་བྱ་ཆེད། ཀྲུང་གོས་ཕྱི་ཕྱོགས་ལ་རོགས་སྐྱོབ་བྱེད་པའི་སྨན་བཅོས་རུ་ཁག་གི་ཕྱི་སྐད་གསོ་སྦྱོང་ལམ་ལུགས་བཙུགས་པ་དང་། 2006ལོར་ཀྲུང་གོས་ཨ་ཧྥེ་རི་ཁར་དེང་རབས་ཅན་གྱི་སྨན་ཁང་30དང་རིམས་ནད་སྔོན་འགོག་ལྟེ་གནས་30ཙམ་འཛུགས་རྒྱུའི་དམིགས་ཡུལ་ཁ་གསལ་བཟོས་ནས་དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་དུས་སུ་ཆིན་ཀོའོ་སུའུ་སྨན་ཁབ་བརྒྱབ་སྟེ་ཨ་ཧྥེ་རི་ཁའི་ནད་པ་ཁྲི་བརྒྱ་ཙམ་སྲོག་ཉེན་ལས་བསྐྱབས་པའི་ངོ་མཚར་བསྟུད་མར་བཏོད་ཡོད།
         ལོ་50ལྷག་རིང་། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ལ་ཕྱི་ཕྱོགས་རོགས་སྐྱོབ་ཀྱི་སྨན་བཅོས་རུ་མི་མི་ཐེངས་ཁྲི་2ལྷག་བཏང་བ་དང་དེ་གའི་སྨན་དོན་པ་ཁྲི་ལ་ཉེ་བ་གསོ་སྐྱོང་བྱས་ནས་ནད་པ་དུང་ཕྱུར་ལ་སྲོག་སྐྱོབ་སྨན་བཅོས་བྱས་ཡོད།
         སྒྱུར་བཅོས་སྒོ་དབྱེ་བྱས་པ་དེས་ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་བ་མ་ཟད། འཛམ་གླིང་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། འཕེལ་རྒྱས་ཀྱི་ལག་ལེན་ནས་འཕེལ་རྒྱས་ཀྱི་འདུ་ཤེས་བར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སྔར་ལས་མང་བས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ཉམས་མྱོང་ལ་ཞིབ་འཇུག་བྱ་རྒྱུར་དོ་ཁུར་བྱས་ཏེ་དེའི་ཁྲོད་ནས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
         ཙམ་པབ་ཝེའི་ཙུང་ཐུང་ཨེ་མོ་སན་·མུའུ་ནན་ཅ་ཀུའུ་ཝས་དེ་སྔ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མྱོང་བ་དང་། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་གི་འཕོ་འགྱུར་ཆེན་པོ་རང་ཉིད་ཀྱིས་མིག་མཐོང་ལག་ཟིན་བྱུང་ཡོད། མུའུ་ནན་ཅ་ཀུའུ་ཝས་འདི་ལོའི་ཟླ་གསུམ་པར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པར་ང་པེ་ཅིང་དུ་སློབ་སྦྱོང་བྱེད་དུས་ཐོག་བརྩེགས་ཁང་ཆེན་དེ་ཙམ་མང་པོ་མེད། 2015ལོར་ཡང་བསྐྱར་པེ་ཅིང་ལ་ཡོང་དུས་པེ་ཅིང་ཉིད་དེང་རབས་ཅན་གྱི་འཛམ་གླིང་རིམ་པའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་གྱུར་ཟིན་པར་ང་ཧང་སངས་བྱུང་ཞེས་བཤད།
          ཁེན་ནི་ཡར་ཡོད་པའི་ཨ་རིའི་རྒྱལ་སྤྱི་སློབ་ཆེན་གྱི་སྤྱི་སྤྱོད་སྲིད་ཇུས་རིག་པའི་འཆད་ཁྲིད་དགེ་རྒན་སི་ཏི་ཧྥེན་· ཨེན་ཏེ་ཀེ་ཝས་ཨ་ཧྥེ་རི་ཁ་དང་ལྷག་དོན་དུ་ཨ་ཧྥེ་རི་ཁའི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་རྒྱལ་ཁབ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་བསྟར་བྱེད་པའི་དམིགས་ས་གལ་ཆེན་ཞིག་ཡིན། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་བྱ་རྒྱུ་ཇེ་ཆེར་སོང་བ་དང་སྦྲགས་དུས་རབས་གསར་པར་སླེབས་པའི་ཀྲུང་གོས་ཨ་ཧྥེ་རི་ཁར་སྒོ་དབྱེའི་དྲོད་རླུང་ཞིག་ལྡང་བར་བྱས་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བར་ངོ་མཚར་ཆེ་བའི་འཕེལ་རྒྱས་གཏོད་ངེས་ཡིན་པའི་ངོས་འཛིན་བྱས།
      

    ཕྱོགས་བསྡུས་གསར་འགྱུར།