འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་ཉེ་འཁོར་དུ་ལྷག་པའི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་12བརྡ་ཁྱབ་
    བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དྲ་ཚུགས་སུ་ཉེ་ཆར་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩད་ཆོད་པའི་མང་ཚོགས་ཉེ་འཁོར་དུ་ལྷག་པའི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་12བརྡ་ཁྱབ་བཏང་བ་རེད།
         བརྡ་ཁྱབ་བཏང་བའི་གནད་དོན་ཐོན་ས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་12ནས་ཡིན་པ་དང་། བརྡ་ཁྱབ་བཏང་བའི་གནད་དོན་12ཁྲོད་སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་མི་17ཡོད་ཅིང་། དེའི་གྲས་སུ་ཏང་སྲིད་ལས་ཁུངས་དང་བྱ་གཞག་ཚན་པའི་འགོ་ཁྲིད་དང་ལས་བྱེད་པ་དཀྱུས་མ་ཡོད་ལ་གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའང་ཡོད། གནད་དོན་དེ་དག་གི་གྲས་སུ་འབྲུ་རིགས་ཀྱི་ཁ་གསབ་མ་དངུལ་ལྐོག་ཟ་བྱས་པ་དང་། སྒྲིག་འགལ་ངང་མཉམ་སྡེབ་མ་དངུལ་བེད་སྤྱོད་བཏང་བ། ཁྲིམས་དང་མ་མཐུན་པར་ས་ཆ་བདག་བཟུང་བྱས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་ནས་ཁེ་ཕན་དོན་གཉེར་བྱས་པ། རྔན་པ་བླངས་པ། ས་ཆ་བསྡུ་ལེན་གྱི་ཁ་གསབ་མ་དངུལ་ལྐོག་ཟ་བྱས་པ། རྣམ་གྲངས་ཀྱི་མ་དངུལ་ལྐོག་ཟ་བྱས་པ་སོགས་རིགས་སྣ་ཚོགས་ཚུད་ཡོད། སྒྲིག་འགལ་དང་ཁྲིམས་འགལ་གྱི་གནད་དོན་ལྷག་པའི་དུས་ཚོད་ལ་བལྟས་ན། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་12ཚང་མ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ལྷག་པ་ཤ་སྟག་ཡིན་པ་དང་། གནད་དོན་དྲུག་ནི་2016ལོའི་རྗེས་སུ་ལྷག་པའམ་ཡང་ན་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་2016ལོའི་རྗེས་བར་གནས་པ་དེས་བརྒྱ་ཆའི་ཕྱེད་ཀ་བཟུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།