འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།“ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན”གྱི་བརྗོད་
    དོན་གཙོ་བོའི་ཞར་བྱུང་ཚོགས་འདུ་མཉམ་འབྲེལ་རྒྱལ་ཚོགས་རེ་ནེ་ཝའི་སྤྱི་ཁྱབ་
    པུའུ་རུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་38པ་འཚོགས་རིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་ཚེས་25ཉིན་རེ་ནེ་ཝའི་དབན་གོ་ཕོ་བྲང་དུ“ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན”གྱི་བརྗོད་དོན་གཙོ་བོའི་ཞར་བྱུང་ཚོགས་འདུ་འཚོགས་ཏེ་ཤིན་ཅང་གིས་དབུལ་སྐྱོར་དང་། སློབ་གསོ། རིག་གནས། འཇིགས་རྒོལ། སྨན་བཅོས་སོགས་ཐད་ལ་སྤྱད་པའི་བྱ་ཐབས་དང་ཐོབ་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། སྲིད་གཞུང་མིན་པའི་རྩ་འཛུགས་བཅས་ཀྱི་འཐུས་མི་དང་། རིགས་གཅིག་མཁས་ཅན། མཁས་དབང་། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་མི་དྲུག་ཅུ་ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཀྲུང་གོའི་སྲིད་གཞུང་མིན་པའི་རྩ་འཛུགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་ནེ་ཝའི་སྤྱི་ཁྱབ་པུའི་དབན་གོ་ཕོ་བྲང་དུ་ཤིན་ཅང་གི་བརྗོད་དོན་གཙོ་བོའི་ཞར་བྱུང་ཚོགས་འདུ་ཐོག་མར་འཚོགས་པ་ཞིག་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།