འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལོ་ལྔའི་རིང་དུག་འགོག་ཉེས་གསོག་ལ་རྡུང་
    རྡེག་བཏང་ཚུལ་བརྡ་ཁྱབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་དུག་འགོག་ཉེས་གསོག་ལ་ཁྲིམས་བཞིན་རྡུང་རྡེག་བཏང་བའི་ལས་དོན་གནས་ཚུལ་བརྡ་ཁྱབ་གཏོང་སྐབས། ཉེ་བའི་ལོ་ཤས་རིང་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དུག་འགོག་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ཆེད་ལས་དུག་ཚོང་ཉེས་གསོག་པ་དང་། དུག་རྫས་བསྐྱར་ཚོང་ཉེས་གསོག་པ། བྱས་ཉེས་རིམ་བསགས་པ། ཉེས་ཅན་པ་གཙོ་བོ་བཅས་ལ་ཁྲིམས་བཞིན་རྡུང་རྡེག་ནན་པོ་བཏང་བ་དང་། དྲག་ཆས་སྤྲས་ནས་འགེབས་སྲུང་དང་གཏུམ་སྤྱོད་ལ་བརྟེན་ནས་འཛིན་བཟུང་བཀག་འགོག་བྱེད་མཁན་དུག་རྫས་ཉེས་གསོག་པ་དང་དེ་བཞིན་འབྱུང་རྩའི་རང་བཞིན་གྱི་དུག་རྫས་ཉེས་གསོག་ལ་རྡུང་རྡེག་ཚ་ནན་བཏང་ཡོད། 2013ལོའི་ཟླ་1ནས་2018ལོའི་ཟླ་4པ་བར་རྒྱལ་ཡོངས་ཀྱི་ཞིབ་དཔྱད་ལས་ཁུངས་ཀྱིས་དུག་རྫས་ཉེས་གསོག་གི་གྱོད་གཞི་ཁྲི་59ལྷག་དང་མི་ཁྲི་74ལྷག་ཁྲིམས་ལ་གཏུག་པ་དེ་ཉེས་དོན་གྱོད་གཞི་གཏུག་བཤེར་བྱེད་གྲངས་བསྡོམས་འབོར་ནང་10.8%དང་9.7%སོ་སོ་བཟུང་ཡོད། འདི་ལོའི་ཟླ་དང་པོ་ནས་བཞི་པ་བར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་གྱོད་གཞི་ཁྲི་2.9དང་མི་ཁྲི་3.5ཁྲིམས་ལ་གཏུག་པ་དེ་2013ལོའི་དུས་མཚུངས་དང་བསྡུར་ན་29.7%དང་18.8%སོ་སོ་འཕར་ནས་དུག་རྫས་ཉེས་གསོག་གྱོད་གཞིར་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཡོད་ཅེས་ཕྱིར་བསྒྲགས་བྱས་པ་རེད།
         གཞན་ཡང་ཞིབ་དཔྱོད་ལས་ཁུངས་ཀྱིས་ད་དུང་ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དུག་རྫས་ཉེས་གསོག་གྱོད་གཞིར་མྱུལ་ཞིབ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2013ལོའི་ཟླ་1ནས་2018ལོའི་ཟླ་4པ་བར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱིས་དུག་རྫས་གྱོད་གཞི་ཁྱོན་ཁྲི་1.1ཐོ་འགོད་བྱས་པར་ལྟ་སྐུལ་བྱས་པ་དང་། འཛིན་བཟུང་བྱ་རྒྱུར་ལུས་པའི་མི་8752ཡོ་བསྲང་བྱས་པའི་ནང་མི་161ལ་ཚེ་གང་བཙོན་འཇུག་ཡན་གྱི་ཁྲིམས་ཆད་བཅད་པ་དང་ཉེས་པ་ཁྲིམས་སྦྱོར་བྱ་རྒྱུ་ལུས་པའི་མི་ཁྲི་1.9ཡོ་བསྲང་གིས་ཁྲིམས་ལ་གཏུག་པ། ཁྲིམས་སྦྱོར་བྱ་རྒྱུ་ལུས་པའི་གྱོད་གཞི་གཅིག་ལ་འབྲེལ་བའི་ཉེས་གསོག་པ་8686ལ་ཡོ་བསྲང་བྱས་པའི་ནང་མི་419ལ་ཚེ་གང་བཙོན་འཇུག་ཡན་གྱི་ཁྲིམས་ཆད་བཅད་ཡོད། དུག་རྫས་ཉེས་གསོག་གི་གྱོད་གཞིའི་ཉེས་དོན་བསྐྱར་གཅོད་ཞུ་གཏུག་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཞིང་། 2013ལོའི་ཟླ་1ནས་2018ལོའི་ཟླ་4པ་བར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་འདྲི་གཅོད་གཉིས་པའི་བསྐྱར་གཅོད་ཞུ་གཏུག་དང་འདྲི་གཅོད་བསྐྱར་མའི་བསྐྱར་གཅོད་ཞུ་གཏུག་གྱོད་གཞི་ཁྱོན་2950ཕུལ་བའི་ནང་གྱོད་གཞི་ཁག་གཅིག་ཁྲིམས་ལྟར་ཡོ་བསྲང་བྱུང་ནས་དུག་རྫས་ཉེས་གསོག་ལ་རྡུང་རྡེག་ནུས་ལྡན་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།