འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་པའི“གྲོང་ཚོ་ཁྲིར་ཤར་གཏོང་ཐུབ་པའི”རྣམ་
    གྲངས་ཀྱིས་ཙན་པི་ཡར་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་25ཉིན་ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱས་པའི“གྲོང་ཚོ་ཁྲིར་ཤར་གཏོང་ཐུབ་པའི”གྲོང་གསེབ་ཀྱི་སྲུང་སྐར་བརྙན་འཕྲིན་རྣམ་གྲངས་ཙན་པི་ཡའི་ཤར་ཕྱོགས་ཞིང་ཆེན་ཝུའུ་པུའུ་ཝེ་ཁུལ་དུ་དངོས་སུ་སྤེལ་འགོ་ཚུགས་པ་དང་ཙན་པི་ཡའི་ཙུང་ཐུང་ཨའེ་ཏེ་ཅ·ལུན་ཀུའུ་མཛད་སྒོར་ཞུགས་ཡོད་པ་རེད།
         ལུན་ཀུའུ་ཡིས་འགོ་ཚུགས་མཛད་སྒོའི་ཐོག“གྲོང་ཚོ་ཁྲིར་ཤར་གཏོང་ཐུབ་པའི”རྣམ་གྲངས་ཀྱིས་ཙན་པི་ཡའི་དམངས་ཚོགས་ལ་ཆ་འཕྲིན་དང་། སློབ་གསོ། རོལ་རྩེད་ཞབས་ཞུ་བཅས་མཁོ་འདོན་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་ནས་ཙན་པི་ཡའི་ཆ་འཕྲིན་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ནི་ཙན་ཀྲུང་མཛའ་གྲོགས་ཀྱི་མཚོན་རྟགས་གཙོ་བོའི་གྲས་ཤིག་རེད་ཅེས་བསྔགས་བརྗོད་བྱས་པ་རེད།
         ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་ཚོང་དོན་ཚན་ཙན་ཨོའུ་དབྱང་ཏའོ་པིང་གིས་ཤིས་ཚིག་བརྗོད་སྐབས“གྲོང་ཚོ་ཁྲིར་ཤར་གཏོང་ཐུབ་པའི”སྲུང་སྐར་བརྙན་འཕྲིན་རྣམ་གྲངས་དེས་ས་གནས་དེ་གའི་གཞོན་ནུར་ཆ་འཕྲིན་སྣ་ཚོགས་མཁོ་འདོན་བྱས་ཏེ་ལས་ཞུགས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཀྲུང་ཙན་རྒྱལ་ཁབ་གཉིས་པོའི་རིག་གནས་དང་མི་དམངས་དབར་གྱི་སྤེལ་རེས་ཐད་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་དེ་བས་རེད། དེ་ལས་2015ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཀྱི་གྲུབ་འབྲས་གཞན་ཞིག་ཙན་པི་ཡར་གཞིས་ཚུགས་པ་མཚོན་གྱི་ཡོད་པ་རེད།
         རྣམ་གྲངས་ལག་བསྟར་གྱི་འགན་ཁུར་མཁན་སི་ཏ་དུས་རབས་ཀྱི་ཙན་པི་ཡའི་ཡན་ལག་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ལའེ་ལན་ཧྥང་གིས་སི་ཏ་དུས་རབས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོ་དང་མཉམ་ལས་བྱས་པས་གྲངས་འཛིན་ཅན་གྱི་བརྙན་འཕྲིན་མངོན་འགྱུར་བྱུང་ཡོད། ད་ཐེངས་ཀྱི་རྣམ་གྲངས་དེ་2018ལོའི་ཟླ་12པར་སྒྲིག་སྦྱོར་ཐུབ་རྒྱུ་དང་སྐབས་དེ་དུས་ས་གནས་དེ་གའི་གྲོང་སྡེ་500ལ་ཕན་པ་ཐོབ་ནས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་རྒྱུ་རེད་ཅེས་བཤད།
         “གྲོང་ཚོ་ཁྲིར་ཤར་གཏོང་ཐུབ་པའི”རྣམ་གྲངས་དེ་2015ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་གཡོད་ཧན་ནེ་སི་པའོ་དབུ་ཚོགས་ཁྲོད་བཏོན་པའི་ཀྲུང་ཧྥེའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཐབས་ཀྱི་གྲས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་30ལྷག་ཙམ་གྱི་གྲོང་སྡེ་ཁྲི་1ལ་སྲུང་སྐར་གྲངས་འཛིན་བརྙན་འཕྲིན་བརྡ་རྟགས་འབྲེལ་མཐུད་ཐུབ་པ་བྱ་རྒྱུ་དང་ཆབས་ཅིག་ཨ་ཧྥེ་རི་ཁའི་ཁྱིམ་ཚང་ཁྲི་20ལ་འཕྲིན་ལམ་སྒྱུར་སྒམ་སྤྲོད་ཐུབ་པ་བྱ་རྒྱུ་དེ་རེད། སི་ཏ་དུས་རབས་ཚོགས་པས་ཞིབ་ཕྲའི་རྣམ་གྲངས་ལག་བསྟར་བྱེད་པ་དང་རྗེས་མཐུད་ཚོང་ལས་ཅན་གཉེར་སྐྱོང་དང་སྲུང་སྐྱོང་གི་འགན་ཁུར་ནས། མིག་སྔར་ཐན་ཙན་ནི་ཡ་དང་། མོ་ཙམ་པི་ཁེ། ཁེན་ནི་ཡ། ནི་ཀྲེ་རི་ཡ། ཝུ་ཀན་ཏ་སོགས་སུ་ཚོད་ལྟ་བྱེད་བཞིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།