འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པའི་མང་ཚོགས་ཁྲི་ཙམ་གྱིས་སྐུ་བླ་གནས་རི་བསྐོར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།སི་ཁྲོན་རྔ་པའི་མང་ཚོགས་ཁྲི་ཙམ་གྱིས་སྐུ་བླ་གནས་རི་བསྐོར་བ།
           མི་དམངས་དྲ་བའི་འཕྲིན། ལུགས་རྙིང་གི་ཟླ་ལྔ་པའི་ཚེས་བཞི་ཉིན། སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་དུ་སྐུ་བླ་རི་བོའི་ལོ་གཅིག་དུས་གཅིག་གི་གནས་རི་བསྐོར་བའི་དུས་ཆེན་སླེབས་ཡོད།  མི་རིགས་ཁག་གི་མང་ཚོགས་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ཏེ་ལག་ཏུ་ཁ་བཏགས་དང་རླུང་རྟ་འཁྱེར་ནས་གནས་རི་བསྐོར་བར་སླེབས་ཡོད།  སྲོལ་རྒྱུན་གྱི་མཛད་སྒོ་དང་སྤྲོ་སྣང་ལྡན་པའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་ལ་བརྟེན་ནས་སྐུ་བླ་རི་བོར་སྐོར་བ་རྒྱབ་ནས་གསོལ་བ་སྨོན་ལམ་འདེབས་ཏེ།  སང་ལོ་ཆར་ཆུ་དུས་སུ་འབབ་པ་དང་། ཞིང་ལ་ལོ་ལེགས་ཡོང་བ། ཕྱུགས་ལ་ཤ་ཤེད་རྒྱས་པ། རྒྱལ་ཁབ་དར་ཞིང་རྒྱས་པ་བཅས་ཡོང་བའི་སྨོན་ལམ་འདེབས་ཡོད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།སི་ཁྲོན་རྔ་པའི་མང་ཚོགས་ཁྲི་ཙམ་གྱིས་སྐུ་བླ་གནས་རི་བསྐོར་བ།
      

    ཕྱོགས་བསྡུས་གསར་འགྱུར།