འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཅི་པིང་ཤོན་གྱིས་བཅའ་ཁྲིམས་ཀྱི་ཐབས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་
    ལག་བསྟར་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་26ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཞིང་ལས་དང་གྲོང་གསེབ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ལ་དམིགས་ནས་དུས་རབས་གསར་པར“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་བཅའ་ཁྲིམས་བཟོ་བའི་ཐད་བགྲོ་གླེང་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཅི་པིང་ཤོན་དང་ཝུའུ་ཝུའེ་ཧྭ་ཚོགས་འདུར་ཕེབས་པ་རེད།
         ཅི་པིང་ཤོན་གྱིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར“ཞིང་གསུམ”ལས་ཀའི་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། ལག་བསྟར་ཡག་པོ་བྱེད་པ་བཅས་དང་། ཁྲིམས་འཛུགས་པ་དང་ལྟ་སྐུལ་ལ་བརྟེན་ནས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱས་ཏེ་སྤུས་ཚད་དང་ཆུ་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་གསར་དར་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཞིང་པའི་ཕྱུག་འགྱུར་གོམ་སྟབས་མགྱོགས་སུ་གཏོང་བ། གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རྒྱ་ཆེའི་ཞིང་པའི་གསར་གཏོད་ནུས་པ་འཕེལ་བ་བྱེད་པ། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ལྗང་མདོག་ཞིང་དར་གྱི་ལམ་བུ་མཐའ་འཁྱོངས་བྱེད་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་ནས་ཞིང་པའི་འཚོ་བའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱ་ཆེད་བཅའ་ཁྲིམས་ཀྱི་རྒྱབ་སྐྱོར་དང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།