འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།“མཛེས་སྡུག་ལྡན་པའི་ཀྲུང་གོ·ཡིད་སྨོན་སྐྱེ་བའི་ཀོང་ཤིས”ཞེས་པའི་རིག་རྩལ་འཁྲབ་
    སྟོན་ཁུ་ཝེ་ཐེའི་རོལ་དབྱངས་དུས་ཆེན་ཐོག་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁུ་ཝེ་ཐེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་ཁུ་ཝེ་ཐེའི་རིག་གནས་དང་། སྒྱུ་རྩལ། རིག་རྩལ་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“མཛེས་སྡུག་ལྡན་པའི་ཀྲུང་གོ·ཡིད་སྨོན་སྐྱེ་བའི་ཀོང་ཤིས”ཞེས་པའི་རིག་རྩལ་འཁྲབ་སྟོན་ཚེས་24ཉིན་ཁུ་ཝེ་ཐེའི་ཧ་ཝ་ལི་ཞིང་ཆེན་དུ་སྤེལ་བ་རེད།
         ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་ནི་ད་ལྟ་གཉེར་བཞིན་པའི་ཁུ་ཝེ་ཐེའི་སྐབས་21པའི་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་གྱི་ཆ་ཤས་ཤིག་རེད། ཀོང་ཤིས་རིག་གནས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་ཞབས་བྲོ་དང་དེ་བཞིན་མི་རིགས་ཀྱི་རོལ་ཆ་དཀྲོལ་བ་སོགས་ཀྱི་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པར་ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲ་ཡང་ཡང་ཐོབ་པ་རེད།
         ཁུ་ཝེ་ཐེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཁྲུའི་ཀྲུའུ་རེན་ཀྲུ་ཤིས་ཀྱིས། རིག་རྩལ་འཁྲབ་སྟོན་བྱས་པ་ལས་ཁུ་ཝེ་ཐེའི་མི་དམངས་ལ་ཀྲུང་གོའི་རིག་གནས་ཤེས་རྟོགས་ཐུབ་པའི་གོ་སྐབས་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་བྱེད་སྒོ་ལས་ཀྲུང་ཁུ་རྒྱལ་ཁབ་གཉིས་དབར་གྱི་རིག་གནས་འགྲོ་འོང་སྔར་བས་ཟབ་ཏུ་འགྲོ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         ཀོང་ཤིས་རིག་གནས་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཀྲུའུ་ཁྲོང་ཝུའེ་ཡིས་གསར་འགོད་པར། “ད་ཐེངས་ཀྱི་འཁྲབ་སྟོན་ལས་ཁུ་ཝེ་ཐེའི་མི་དམངས་ཚོས་ཀྲུང་གོར་བག་ཆགས་བཟང་པོ་ཡོང་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད།
         བཟའ་ཟླ་དང་མཉམ་དུ་འཁྲབ་སྟོན་ལྟ་བར་ཡོང་བའི་ཨ་ཞི་ཡས་གསར་འགོད་པར། “འདི་ནི་ངས་ལྟ་མྱོང་བའི་ངོ་མཚར་ཆེ་ཤོས་ཀྱི་སྒྱུ་རྩལ་འཁྲབ་སྟོན་ཞིག་ཡིན”ཞེས་དང“སླད་ཕྱིན་ལེ་ཚན་དེ་འདྲ་མང་ཙམ་ཁུ་ཝེ་ཐེར་འཁྲབ་སྟོན་བྱ་རྒྱུའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།