འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།སྡེ་ཚན་ལྔས་མཉམ་འབྲེལ་ཐོག་《ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུ་སྔར་བས་
    ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཀྲམ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་28ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་དང་། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྡོམ་ཨུ་ལྷན། འཛིན་ལོར་ལྟ་སྡོམ་ཨུ་ལྷན། འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་བཅས་ཀྱིས་《ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)བཀྲམ་ནས་དངུལ་ལོར་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་དངུལ་རྩའི་སྒྲིག་གཞིར་སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཡིད་རྟོན་གྲངས་ཚད་སྒོར་ཁྲི་500དང་དེ་མན་ཟིན་པའི་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད་པ་རེད།
          《བསམ་འཆར་》ནང་། ཕྲན་ཚེགས་ཁེ་ལས་དང་གྲོང་གསེབ་ལ་རྒྱབ་སྐྱོར་དང་དངུལ་བུན་བསྐྱར་མ་དང་སྔོན་སྤྲོད་བསྐྱར་མའི་དངུལ་འབོར་བསྡོམས་སྒོར་དུང་ཕྱུར་1500མང་དུ་གཏོང་རྒྱུ་དང་། ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་དང་དངུལ་བུན་བསྐྱར་མའི་སྐྱེད་ཀ་བརྒྱ་ཆའི་གྲངས་0.5གཅོག་རྒྱུ་ཡིན་པ་རེད། ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩ་དང་འཛིན་ལོར་འགྲེམས་སྤེལ་དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་ཁང་ལས་རིགས་དང་དངུལ་རྩའི་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་གྱི་རྒྱུ་ནོར་རྒྱབ་སྐྱོར་འཛིན་ལོར་འགྲེམས་སྤེལ་བྱ་རྒྱུར་རོགས་སྐྱོར་བྱས་ནས་ཡིད་རྟོན་དངུལ་གྲངས་སྒོར་དུང་ཕྱུར་1000ཡན་ཕན་སྒྱུར་བྱེད་དགོས། སྤྱི་ཁོག་གཟབ་ནན་ཚོད་སྐོར་མ་ལག་ལེགས་སུ་བཏང་ནས་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་དཔྱད་ཞིབ་ཀྱི་དབང་ཆ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
           ནོར་ཁྲལ་སྲིད་ཇུས་ཀྱི་ལྕག་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩའི་སྒྲིག་གཞིས་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཧུར་སེམས་ཆེ་རུ་གཏོང་དགོས། 《བསམ་འཆར་》ནང་། གཅིག་ནས་འདི་ལོའི་ཟླ་9པ་ནས་2020ལོའི་ལོ་མཇུག་བར། ཆ་རྐྱེན་དང་འཚམ་པའི་ཕྲན་ཚེགས་ཁེ་ལས་དང་སྒེར་གཉེར་བཟོ་ཚོང་དུད་ཚང་གི་བུན་གཡར་སྐྱེད་ཀའི་ཡོང་འབབ་ཀྱི་གནས་ཐང་འཕར་ཁྲལ་མི་བསྡུ་བའི་སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཡིད་རྟོན་གྲངས་ཚད་སྒོར་ཁྲི་100ནས་སྒོར་ཁྲི་500བར་མཐོ་རུ་གཏོང་རྒྱུ་དང་། གཉིས་ནས་རྒྱལ་ཁབ་ཀྱི་མ་དངུལ་མཉམ་བསྡུའི་ཁག་ཐེག་གི་ཐེབས་རྩར་རྒྱབ་སྐྱོར་བྱེད་མཁན་མ་དངུལ་མཉམ་བསྡུའི་ཁག་ཐེག་ཀུང་སིར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྲན་ཚེགས་ཁེ་ལས་ཀྱིས་མ་དངུལ་མཉམ་བསྡུ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཁག་ཐེག་དངུལ་གྲངས་བཟུང་ཚད་80%ལས་མི་དམའ་བ་བྱེད་པ། སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཡིད་རྟོན་གྲངས་ཚད་སྒོར་ཁྲི་500དང་དེ་མན་ཟིན་པའི་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་བུན་དང་སྒེར་གཉེར་བཟོ་ཚོང་དུད་ཚང་དང་ཕྲན་ཚེགས་ཁེ་ལས་ཀྱི་གཉེར་སྐྱོང་གཙོ་བོར་བྱེད་པའི་དངུལ་བུན་གཡར་རྒྱུར་རྒྱབ་སྐྱོར་བྱེད་པའི་ཁག་ཐེག་དངུལ་གྲངས་བཟུང་ཚད་50%ལས་མི་དམའ་བ་བྱེད་པ། ཁག་ཐེག་འགྲོ་གྲོན་དང་ཁག་ཐེག་ངོ་རྒོལ་གྱི་རེ་བ་འོས་འཚམ་ངང་དམའ་རུ་གཏོང་དགོས་ཞེས་བཏོན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།