འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་1པོ་ནས་5པའི་བར་རྒྱལ་ཡོངས་གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་21.8%འཕར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་1པོ་ནས་5པའི་བར། རྒྱལ་ཡོངས་ཀྱི་གཞུང་ཁོངས་དང་གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཡག་པོ་ཡོད་པ་དང་། གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་222997.1ཟིན་པ་དེ་དུས་མཚུངས་ལས་10.2%འཕར་བ་དང་། གཞུང་ཁོངས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་12901.3ཟིན་པ་དེ་དུས་མཚུངས་ལས་20.9%འཕར་ནས་ཁེ་སྤོགས་འཕར་ཚད་དེ་ཡོང་འབབ་ཀྱི་བརྒྱ་ཆའི་གྲངས་10.7ལས་མཐོ་བ་ཡོད་པ་རེད། དེ་དང་ཆབས་ཅིག་བུ་ལོན་སྐྱིན་ཚབ་འཇལ་ནུས་དང་ཁེ་སྤོགས་ཡོང་བའི་ནུས་པ་གཉིས་ཀ་ལོ་གོང་མའི་དུས་མཚུངས་ལས་ཅུང་འཕར་ཡོད་པ་རེད།
             ཟླ་1པོ་ནས་5པའི་བར། གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་གྱི་སྤྱིའི་མ་གནས་སྒོར་དུང་ཕྱུར་214481.7ཟིན་པ་དེ་དུས་མཚུངས་ལས་9.7%འཕར་བའི་ནང་ཕྱིར་འཚོང་འགྲོ་གྲོན་དང་། དོ་དམ་འགྲོ་གྲོན། ནོར་དོན་འགྲོ་གྲོན་བཅས་དུས་མཚུངས་ལས་7.4%དང་། 9.8% 13.9%བཅས་སོ་སོར་འཕར་ཡོད་པ་རེད། ཟླ་5པའི་ཟླ་མཇུག་ཏུ་གཞུང་ཁོངས་ཁེ་ལས་ཀྱི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་1689375.1ཟིན་པ་དེ་དུས་མཚུངས་ལས་9.3%འཕར་བ་དང་། བུ་ལོན་བསྡོམས་འབོར་སྒོར་དུང་ཕྱུར་1098549.0ཟིན་པ་དེ་དུས་མཚུངས་ལས་8.7%འཕར་བ། བདག་དབང་གི་ཁེ་དབང་བསྡོམས་སྒོར་དུང་ཕྱུར་590826.1ཟིན་པ་དེ་དུས་མཚུངས་ལས་10.4%འཕར་བ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།