འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་རྒྱལ་སྤྱིར་སྐད་གྲགས་རགས་ཙམ་ཆོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ནི་མིག་སྔར་འཛམ་གླིང་ཐོག་ཏ་ལའི་ལོ་མའི་དཔེ་ཆ་ཉར་ཚགས་མང་ཤོས་དང་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ(གཤམ་དུ“ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ”ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར། 《བོད་རང་སྐྱོང་ལྗོངས་ཀྱི་གཅེས་ཉར་ཏ་ལའི་ལོ་མའི་དཔེ་ཆ་པར་འདེབས་ཀུན་བཏུས་》ཞེས་པའི་དཔྱད་ཡིག་ཕྱོགས་བསྒྲིགས་དང་དེ་བཞིན་རྒྱ་ཡིག་དང་བོད་ཡིག་སོགས་ལ་བྱང་ཆུབ་པའི་ལེགས་ཆར་བརྟེན་ནས་ད་ཆ་ཆེད་ལས་ཅན་གྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ་ཡི་རིག་གཞུང་ཞིབ་འཇུག་ལ་རྒྱལ་སྤྱིའི་ཐོག་སྐད་གྲགས་རགས་ཙམ་ཆོད་ཡོད།
            ཏ་ལའི་ལོ་མའི་དཔེ་ཆ་ཞེས་པ་ནི་ཤིང་ཏ་ལའི་ལོ་མའི་ཐོག་བྲིས་པའི་དཔེ་ཆར་ཟེར་ཞིང་། མི་ཚོས་དེའི་ནང་དོན་སྟོན་པ་ཤཱཀྱ་ཐུབ་པའི་ཐོག་མའི་བསྟན་དོན“ནང་བསྟན་ཆོས་ལུགས་ཀྱི་བསྟན་བཅོས་ཐོག་མ”དང་ཧ་ལམ་གཅིག་མཚུངས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེའི་ནང་དོན་མང་ཆེ་བ་ལེགས་སྦྱར་ཡི་གེ་ཡིན་ལ། ནང་བསྟན་ཆོས་ལུགས་ཀྱི་བསྟན་བཅོས་ཕུད། ད་དུང་རྩོམ་རིག་དང་། སྒྱུ་རྩལ། མཚན་ཉིད་རིག་པ། གསོ་བ་རིག་པ། གནམ་དཔྱད་རིག་པ་སོགས་ཀྱང་བཀོད་ཡོད་པས་མི་ཚོས་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་དབུས་མའི་རིག་གནས་བརྒྱུད་སྤེལ་དང་ལོ་རྒྱུས་ཀྱི་འཕེལ་རིམ་ཤེས་རྟོགས་བྱ་རྒྱུར་ཕན་པ་ཆེན་པོ་ཡོད།
            “ད་ཆ་ཕྱི་རྒྱལ་གྱི་མཁས་དབང་ཚོ་དང་མཉམ་དུ་ཏ་ལའི་ལོ་མའི་དཔེ་ཆའི་སྐོར་གླེང་ཐུབ”བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ལས་དོན་འགོ་འཛུགས་པའི་དུས་ཚོད་ཕྱི་ཙམ་ཡོད། འོན་ཀྱང་དེབ་61ཡོད་པའི་《བོད་རང་སྐྱོང་ལྗོངས་ཀྱི་གཅེས་ཉར་ཏ་ལའི་ལོ་མའི་དཔེ་ཆ་པར་འདེབས་ཀུན་བཏུས་》ཞེས་པའི་དཔྱད་ཡིག་ཕྱོགས་བསྒྲིགས་2011ལོར་ལེགས་སྒྲིག་ལེགས་གྲུབ་བྱུང་བ་དང་བསྟུན་ནས་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཐད་ཀྱི་ལེགས་ཆ་དེ་ནས་བཟུང་རིམ་བཞིན་མངོན་ཡོད། “ཕྱི་རྒྱལ་གྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་པར་མ་བཅོས་རྒྱུ་ཆ་མང་པོ་དེ་འདྲ་མེད”ཅེས་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པས་བཤད།
              དེ་གོང་ཆ་ཚང་བའི་མ་བཅོས་རྒྱུ་ཆ་མེད། བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་པས་བོད་ཡིག་དང་རྒྱ་ཡིག་བསྒྱུར་མ་དང་བསྡུར་བ་བཏང་ནས་ཏ་ལའི་ལོ་མའི་དཔེ་ཆའི་ནང་དོན་སྔ་རྒྱུན་སོར་ཆུད་དང་གསབ་བསྒྱུར་བྱས་ཡོད། ད་ཆ་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ་ཡིས་གཙོས་པའི་བོད་ཀྱི་ཞིབ་འཇུག་པས་ཞིབ་འཇུག་བྱེད་སྟངས་འགྱུར་ལྡོག་བཏང་སྟེ་ཏ་ལའི་ལོ་མའི་དཔེ་ཆ་པར་མའི་དཔྱད་གཞི་ཐད་ཀར་ཞིབ་འཇུག་ལྟ་ཀློག་བྱེད་ཀྱི་ཡོད།
               མིག་སྔར་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ་ཡིས་《བཤེས་སྤྲིངས་》སྐོར་གྱི་སློབ་གཞི་ཞིབ་འཇུག་བྱེད་བཞིན་ཡོད། ལེགས་སྦྱར་ཡི་གེ་ནས་བྲིས་པའི་ནང་བསྟན་ཆོས་ལུགས་ཀྱི་བསྟན་བཅོས་དེ་བོད་ནས་རྙེད་པ་རེད། མིག་སྔར་རྒྱ་ཡིག་དང་བོད་ཡིག་གི་བསྒྱུར་མ་དང་གཅིག་རང་ལས་མེད་པའི་པར་གཞི་གཉིས་པོའི་དབར་ཞུ་དག་དཔེ་བསྡུར་བྱེད་པ་དང་ཚང་བཤེར་ཆད་གསབ་བྱེད་བཞིན་ཡོད།
             《བོད་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་》ཅེས་པ་ནི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་བྱེད་པའི་ཆེད་དོན་རང་བཞིན་གྱི་རིག་གཞུང་དུས་དེབ་ཅིག་ཡིན་པས་ད་བར་བསྟུད་མར་པར་གཞི་དུས་ཐེངས་བཞི་བཏོན་ཡོད། ད་ཆ་དུས་དེབ་དེར་ཨོ་སི་ཁྲུ་རི་ཡ་དང་རི་པིན་སོགས་བོད་རིག་པ་ཞིབ་འཇུག་སྒྲིག་གཞིའི་དོ་སྣང་བྱུང་ཡོད། དངོས་གྲུབ་ཚེ་རིང་གིས། འདི་ནི་བོད་ལྗོངས་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ཞིག་དང་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ལ་སྐད་ཆ་ཤོད་རེས་ཀྱི་གོ་སྐབས་གཏོད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།