འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་པོ་ཧུའུ་ཡི་ཤིས་ཀྭ་དཔེ་གསར་ལ་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་6པའི་ཚེས་22ཉིན། ཤིན་ཅང་པོ་ཧུའུ་རྫོང་པོ་སི་ཐུན་ཧུའུ་ཤང་གི་ཁུའུ་ཏའེ་ལི་ཁེ་གྲོང་ཚོའི་གྲོང་མི་ཨ་ཏི་ལི·ཡིའུ་ནུའུ་སིས་འདེབས་འཛུགས་ཞིབ་ཚགས་བྱས་པའི“དགའ་རོགས་ཤིས་ཀྭ”དང“དངུལ་རྟ་རྨིག་མའི་ཤིས་ཀྭ” “ཤིས་ཀྭ་གྲུ་བཞི”བཅས་སྨིན་ནས་ཚོས་གཞི་སྙིང་རྗེ་ལ་བཟོ་ལྟ་སྣ་ཚོགས་ཡོད་པས། ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་པ་དང་སྦྲགས་ཤིས་ཀྭ་དང་མཉམ་དུ་དྲན་རྟེན་པར་ཡང་རྒྱག་བཞིན་ཡོད། མིག་ལ་མཛེས་པ་དང་། ཁ་ལ་ཞིམ་ཞིང་མངར་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་པ་དང་། དེའི་དཔལ་འབྱོར་ཕན་འབྲས་ནི་སྤྱིར་བཏང་ཤིས་ཀྭ་རིགས་ལས་ལྡབ་5ནས་10བར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།