འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《“དྲ་སྦྲེལ+སྲིད་དོན་ཞབས་ཞུས”སྲིད་དོན་
    ཞབས་ཞུའི“དྲ་རྒྱ་གཅིག་དང་། སྒོ་གཅིག ཐེངས་གཅིག”བཅས་ལ་སྐུལ་འདེད་
    ཀྱི་སྒྱུར་བཅོས་ཟབ་གཏོང་གི་ལག་བསྟར་ཇུས་གཞི་》བཀྲམ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《“དྲ་སྦྲེལ+སྲིད་དོན་ཞབས་ཞུས”སྲིད་དོན་ཞབས་ཞུའི“དྲ་རྒྱ་གཅིག་དང་། སྒོ་གཅིག ཐེངས་གཅིག”བཅས་ལ་སྐུལ་འདེད་ཀྱི་སྒྱུར་བཅོས་ཟབ་གཏོང་གི་ལག་བསྟར་ཇུས་གཞི་》(གཤམ་དུ་《ཇུས་གཞི་》ཞེས་བསྡུ་རྒྱུ)བཀྲམ་ནས་སྲིད་དོན་ཞབས་ཞུའི“དྲ་རྒྱ་གཅིག་ཏུ་ཀུན་སྒྲུབ”དང་། ཁེ་ལས་དང་མང་ཚོགས་ཀྱིས་དོན་དག་སྒྲུབ་སྐབས“སྒོ་གཅིག་ལས་འཛུལ་མི་དགོས་པ”དང“མང་ཤོས་ཐེངས་གཅིག་ལས་རྒྱུག་མི་དགོས་པ”སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད་པ་རེད།
            《ཇུས་གཞིའི་》ནང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཟབ་ཏུ་གཏོང་བ་དང་ལག་བསྟར་དོན་འཁྱོལ་བྱེད་པ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། “དྲ་སྦྲེལ+སྲིད་དོན་ཞབས་ཞུར”སྔར་བས་སྐུལ་འདེད་གཏོང་བ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་གཏོང་བ། རིམ་པ་དང་། ས་ཁོངས། ཁོངས་གཏོགས། སྡེ་ཚན། ལས་སྒོ་བཅས་སྒྲོལ་བའི་མཐུན་སྦྱོར་དོ་དམ་དང་ཞབས་ཞུར་སྐུལ་འདེད་གཏོང་བ། ཁེ་ལས་དང་མང་ཚོགས་དོན་དག་སྒྲུབ་སྐབས་དྲ་ཐོག་ཏུ“དྲ་བ་གཅིག་ཏུ་ཀུན་སྒྲུབ”(དྲ་རྒྱ་གཅིག)དང་། དྲ་འོག་ཏུ“སྒོ་གཅིག་ལས་འཛུལ་མི་དགོས་པ”(སྒོ་གཅིག)ལ་སྐུལ་འདེད་གཏོང་བ། ས་གནས་ས་ཐོག་ཏུ་དོན་དག་སྒྲུབ་སྐབས“མང་ཤོས་ལ་ཐེངས་གཅིག་ལས་རྒྱུག་མི་དགོས་པ(ཐེངས་གཅིག)”ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁེ་ལས་དང་མང་ཚོགས་སྲིད་གཞུང་དུ་དོན་དག་བསྒྲུབ་པར་ཡོང་རྒྱུ་དེ“དྲ་ཐོག་ནས་ཅ་དངོས་ཉོ་སྒྲུབ”བྱེད་པ་བཞིན་སྟབས་བདེ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
            《ཇུས་གཞིའི་》ནང་། དྲ་སྦྲེལ་ཀུན་སྒྲུབ་མཐའ་འཁྱོངས་བྱེད་རྒྱུ་ནི་རྩ་དོན་དང་། ཁེར་རྐྱང་དྲ་རྒྱ་དམིགས་བསལ་ཡིན་པ་དང་། སྲིད་དོན་ཞབས་ཞུ་དྲ་ཞུགས་བྱེད་པ་ནི་རྩ་དོན་དང་། དྲ་བར་མ་ཞུགས་པ་དམིགས་བསལ་རེད། 2018ལོའི་ལོ་མཇུག་ཏུ་སླེབས་སྐབས། “དྲ་བ་གཅིག་དང་། སྒོ་གཅིག ཐེངས་གཅིག”བཅས་ཀྱི་སྒྱུར་བཅོས་ལ་ཕན་འབྲས་རགས་ཙམ་ཐོན་པ་བྱས་ནས་ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་དོན་དག་དྲ་ཐོག་ཏུ་སྒྲུབ་ཚད་80%ལས་མི་དམའ་བ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་དོན་དག་ཕྱོགས་བསྡུས་རང་བཞིན་གྱི་དངོས་ཚན་སྲིད་དོན་ཚོམས་ཆེན་ནང་སྒྲུབ་པའི་བསྡུར་ཚད་70%ལས་མི་དམའ་བ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་ཁག་གི་སྒྲུབ་མང་བའི་དོན་དག་ཁག་30“མང་ཤོས་ལ་ཐེངས་གཅིག་ལས་རྒྱུག་མི་དགོས་པ”བཅས་ཐུབ་པར་བྱེད་དགོས། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས། གཙོ་གནད་ཁྱབ་ཁོངས་དང་སྒྲུབ་མང་བའི་དོན་དག“དྲ་བ་གཅིག་དང་། སྒོ་གཅིག ཐེངས་གཅིག”བཅས་སྤྱིར་ན་མངོན་འགྱུར་ཐུབ་པར་བྱས་ནས་ཞིང་ཆེན་རིམ་པའི་སྲིད་དོན་ཞབས་ཞུའི་དོན་དག་དྲ་ཐོག་ཏུ་སྒྲུབ་ཚད་90%ལས་མི་དམའ་བ་དང་། སྲིད་དོན་ཞབས་ཞུའི་དོན་དག་ཕྱོགས་བསྡུས་རང་བཞིན་གྱི་དངོས་ཚན་སྲིད་དོན་ཚོམས་ཆེན་དུ“སྒྲུབ་དགོས་རིགས་ངེས་པར་དུ་བསྒྲུབ་རྒྱུ”སྤྱིར་ན་ཐུབ་པ་བྱེད་པ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་ཁག་གི་སྒྲུབ་མང་བའི་དོན་དག་ཁག་100“མང་ཤོས་ལ་ཐེངས་གཅིག་ལས་རྒྱུག་མི་དགོས་པ”ཐུབ་པར་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
           《གྲོས་འགོའི་》ནང་། གོང་གསལ་གྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ལས་འགན་གཙོ་བོ་དང་ལས་ཀའི་བྱ་ཐབས་ཁ་གསལ་བཏོན་ཡོད་པ་སྟེ། གཅིག་ནས་བསྡུ་སྒྲིལ་ལ་བརྟེན་པ་དང་སྟབས་བདེ་ཡོང་རྒྱུར་སྐུལ་འདེད་བཏང་ནས་དྲ་ཐོག“དྲ་གཅིག་ཀུན་སྒྲུབ”ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་སྐྲུན་མགྱོགས་སུ་གཏོང་རྒྱུ་ལྟེ་བར་བྱེད་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་དྲ་ཐོག་ཞབས་ཞུའི་ལས་སྟེགས་རྨང་གཞིར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་གཞི་གཅིག་ཅན་གྱི་དྲ་ཐོག་ཞབས་ཞུའི་ལས་སྟེགས་མགྱོགས་མྱུར་བསྐྲུན་དགོས་པ་དང་། གཉིས་ནས་ཕྱོགས་བསྡུས་ལ་བརྟེན་ནས་ལས་ཆོད་ཆེ་རུ་བཏང་སྟེ་དྲ་འོག་ཏུ“སྒོ་གཅིག་ལས་འཛུལ་མི་དགོས་པ”སྐུལ་འདེད་གཏོང་དགོས། སྲིད་དོན་ཞབས་ཞུ་གཅིག་སྡུད་ཐོག་བསྒྲུབ་རྒྱུ་ཁྱབ་གདལ་ཤུགས་ཆེན་བཏང་ནས“གཉེར་སྒོ་མང་པོ”དེ“གཉེར་སྒོ་གཅིག”ལ་འགྱུར་བར་བྱས་ཏེ་སྲིད་དོན་ཞབས་ཞུ་དྲ་ཐོག་དང་དྲ་འོག་ཏུ་ཕྱོགས་བསྡུས་མཉམ་འདྲེས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ། གསུམ་ནས་གསར་གཏོད་ལ་བརྟེན་པ་དང་ཁུ་བསྡུར་སྐུལ་འདེད་བཏང་ནས་ཁེ་ལས་དང་མང་ཚོགས“མང་ཤོས་ལ་ཐེངས་གཅིག་ལས་རྒྱུག་མི་དགོས་པ”བྱེད་ཐུབ་པ་བྱེད་དགོས། ས་གནས་ས་ཐོག་ཏུ་སྒྲུབ་པར་བསྐྱོད་དགོས་ངེས་ཀྱི་དོན་དག“མང་ཤོས་ལ་ཐེངས་གཅིག་ལས་རྒྱུག་མི་དགོས་པའི”དཀར་ཆག་གསེད་བཀྲོལ་བྱེད་པ་དང་། དཔྱད་ཡིག་དང་ལྷུ་ཚིགས་ཉུང་དུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་སྲིད་དོན་ཞབས་ཞུ་གཞི་རིམ་དུ་ཁྱབ་གདལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།