འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་660.75ཚང་མ་གཤམ་སྤྲོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་དབྱང་ནོར་སྲིད་ཀྱིས་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་སྔོན་རྩིས་སྒོར་དུང་ཕྱུར་55གཤམ་སྤྲོད་བྱས་པའི་ཐོག་2017ལོའི་ཟླ་10པར་སྔ་སྣུར་དུ་གཤམ་སྤྲོད་བྱས་པའི་སྒོར་དུང་ཕྱུར་605.75བསྣན་ན་2018ལོར་ས་གནས་ལ་ཁ་གསབ་བཀོད་སྒྲིག་བྱས་པའི་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་སྒོར་དུང་ཕྱུར་660.75ཚང་མ་གཤམ་སྤྲོད་བྱས་ཡོད་པ་རེད།
             ནོར་སྲིད་པུས་ས་གནས་ཁག་ལ་ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་རྫོང་དབུལ་པོའི་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་ཡོད་བླང་བྱ་ལག་བསྟར་ནན་པོ་བྱེད་པ་དང་ཆབས་ཅིག་ལས་ཕྱོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྔོན་རྩིས་ལག་བསྟར་མགྱོགས་པོ་བྱས་ནས་མ་དངུལ་གྱི་བེད་སྤྱོད་ཕན་འབྲས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།