འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་པ་ཞིག་ནས་གནམ་གྲུ་གཏོང་མཁན་དུ་གྱུར་པའི་ལིའུ་དབྱི་པིང་། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་24ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ལོ་46ལ་སླེབས་པའི་ལིའུ་དབྱི་པིང་ནི་དབྱིང་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་གི་འཕུར་སྐྱོད་སྒར་ས་ཞིག་གི་སྒུལ་ཤུགས་དཔྱང་འགེལ་འཕུར་སྐྱོད་ཀྱི་དགེ་རྒན་ཞིག་ཡིན། ལོ་མང་རིང་ལིའུ་དབྱི་པིང་གིས་རྒྱུན་ཆད་མེད་པར་གནམ་གྲུ་བཟོ་སྟངས་འཚོལ་ཞིབ་དང་མཁའ་འགྲུལ་གྱི་འབྲེལ་ཡོད་ཤེས་བྱ་རང་སྦྱོང་བྱས་པ་བརྒྱུད། 1996ལོར་རང་ཉིད་ཀྱིས་བཟོས་པའི་གནམ་གྲུར་བསྡད་དེ་ཐེངས་དང་པོར་དགུང་སྔོན་དབྱིངས་སུ་འཕུར།
             2010ལོར་ལིའུ་དབྱི་པིང་གིས་ཉིང་ཞ་ཧོ་ལན་རྫོང་ནས་ས་ཆ་ཞིག་བོགས་མར་བླངས་ཏེ་མཁའ་འགྲུལ་སྤྲོ་སྐྱིད་ཁང་བཙུགས་པ་དང་དེར་གནམ་གྲུ་འབབ་ས་དང་འཕུར་ལམ་བཟོས། ལིའུ་དབྱི་པིང་གིས“ངས་གང་ཡང་མི་ཤེས་པའི་ཞིང་པ་ཞིག་ནས་རང་ཉིད་ཀྱིས་གནམ་གྲུ་བཟོ་ཐུབ་པ་དང་གཏོང་ཐུབ་པ་མ་ཟད། གནམ་གྲུའི་དགེ་རྒན་ཞིག་ཏུ་ཆགས་པའི་བར་དཀའ་ལས་མང་པོ་བརྒྱབ་པ་ཡིན། ངའི་དཔེ་མཚོན་ལས་མཁའ་འགྲུལ་ལ་དགའ་ཞེན་ཡོད་མཁན་ལ་སྐུལ་ལྕག་དང་མཁའ་འགྲུལ་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་ནས་མི་སྔར་ལས་མང་བས་མཁའ་འགྲུལ་ཤེས་བྱ་ཤེས་པའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།