འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྤུས་ཚད་མཐོ་པོའི་ཐོག་ནས་གྲོང་གསེབ་དར་རྒྱས་ཀྱི་
    འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཚེས་21ཉིན་དངུལ་ཁང་ལས་རིགས་ཀྱི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་169པ་པེ་ཅིང་དུ་འཚོགས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཧང་ཀྲང་གཞོན་པ་ལིན་ལིས་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཞིང་ལས་ཀྱི་སྲིད་ཇུས་རང་བཞིན་ཁྲོད། དངུལ་ཁང་གི་འགན་ནུས་འདོན་སྤེལ་བྱས་ནས་སྤུས་ཚད་མཐོ་པོའི་སྒོ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ཚུལ་ངོ་སྤྲོད་བྱས་པ་རེད། 2015ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་ཞིང་སྐྱོར་དངུལ་བུན་སྒོར་དུང་ཕྱུར་ཁྲི་5.64བཏང་ནས་ཟླ་5པའི་ཟླ་མཇུག་བར་རྒྱུ་ནོར་གྱི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་6.77ཟིན་པས“ཞིང་གསུམ”འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་དངུལ་རྩའི་ཞབས་ཞུས་ཀ་བརྟེན་དང་རྐང་འཛིན་གྱི་ནུས་པ་ཐོན་ཡོད་པ་རེད།
              “ཞིང་ལས་འཕེལ་རྒྱས་དངུལ་ཁང་དེ་རང་རྒྱལ་གྱི་ཞིང་ལས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གཅིག་པུ་དེ་ཡིན་པའི་ངོས་ནས་སྤུས་ཚད་མཐོ་བའི་སྒོ་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་བླ་ན་མེད་པའི་འགན་འཁྲི་དང་ཆབ་སྲིད་ཀྱི་ལས་འགན་ཞིག་རེད”ཅེས་ལིན་ལིས་ཀྱིས་ངོ་སྤྲོད་བྱས་པ་དང་། ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་སྤྱི་ཁྱབ་དངུལ་ཁང་གི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་10ཞིང་ཆེན་11ལ་ཁག་སོ་སོར་བཏང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཡན་ལག་དངུལ་ཁང་31གིས་གོམ་སྟབས་གཅིག་མཚུངས་ངང་བརྟག་ཞིབ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་པ་དང་། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཡག་པོ་ཞུ་རྒྱུར་རྨང་གཞི་བཏིང་བ་རེད། གོམ་སྟབས་རྗེས་མར། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་མཁོ་སྤྲོད་འགན་ལེན་དང་དབུལ་སྒྲོལ་དམག་འཐབ་རྒྱག་པ། ཐོན་ལས་སྟོབས་ཆེར་གཏོང་བ། ཞན་ཆ་ཁ་གསབ་བྱེད་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཕྱོགས་ལྔར་གཙོ་གནད་དུ་དམིགས་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཡག་པོ་ཞུ་བའི“གྲལ་མགོའི་དམག་མི”དང“གཙོ་ཤུགས་དམག”ཡག་པོ་ཞིག་བྱེད་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།