འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་དང་ཡུལ་སྐོར་པུས་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཁྲོམ་རར་ཞིབ་བཤེར་དང་དོ་དམ་ནན་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་23ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་ཆེད། སྤྱི་ཚོགས་ཐོག་དོ་ཁུར་བྱེད་ཚད་མཐོ་བ་དང་ལྟད་མོ་བ་མང་བའི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་གཙོ་གནད་དུ་བྱས་ཏེ། འཁྲབ་སྟོན་གྱི་ནང་དོན་དང་འཁྲབ་སྟོན་གྱི་སྤ་སེའི་ཚོང་གཉེར་བྱེད་སྤྱོད་ལ་ཞིབ་བཤེར་དང་དོ་དམ་ནན་པོ་བྱས་པས་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཁྲོམ་རའི་གྱོད་གཞི་ཚབས་ཆེན་ཁག་གཅིག་རྩད་ཆོད་ནས་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་ཚད་ལྡན་དུ་བཏང་བ་རེད།
              རིག་གནས་དང་ཡུལ་སྐོར་པུས་སྤྱི་ཚོགས་ཐོག་དོ་ཁུར་བྱེད་ཚད་མཐོ་བའི་གཉེར་སྐྱོང་རང་བཞིན་གྱི་འཁྲབ་སྟོན་ཁག་གཅིག གཙོ་གནད་ལྟ་སྐུལ་དོ་དམ་བྱ་ཡུལ་ནང་བཅུག་ནས་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བཀོད་སྒྲིག་བྱས་ཏེ་འཁྲབ་སྟོན་གྱི་ནང་དོན་ཚད་དང་མཐུན་མིན་དང་། གསལ་སྟོན་བྱས་པའི་ལེ་ཚན་ཉུང་ཤོས་ཀྱི་གྲངས་འབོར་གཞིར་བཟུང་འཁྲབ་སྟོན་བྱས་ཡོད་མེད། འཁྲབ་སྟོན་གྱི་ལེ་ཚན་ལ་འགྱུར་ལྡོག་བཏང་ཡོད་མེད་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་རེད། འབྲེལ་ཡོད་ས་ཁུལ་གྱི་རིག་གནས་སྲིད་འཛིན་སྡེ་ཚན་དང་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞིས་འཁྲབ་སྟོན་གཉེར་མཁན་ཚན་པ་དང་འཁྲབ་སྟོན་གྱི་སྤ་སེའི་གཉེར་སྐྱོང་ཚན་པར་སྐོང་འདྲི་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ། བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་དང་ལྟ་སྐུལ་དོ་དམ་གྱི་བླང་བྱ་གསལ་སྟོན་དང་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་གྱིས་འཁྲབ་སྟོན་གྱི་ནང་དོན་ཁྲིམས་དང་གཏན་འབེབས་དང་མཐུན་རྒྱུ་འགན་ལེན་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་པ་རེད།
              རིག་གནས་དང་ཡུལ་སྐོར་པུས་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་སྤ་སེ་གཉེར་སྐྱོང་བྱེད་མཁན་ཚན་པར་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བཀོད་སྒྲིག་བྱས་ཏེ། ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་སྤ་སེའི་གཉེར་སྐྱོང་ཐོབ་ཐང་ཡོད་མེད་དང་། འཁྲབ་སྟོན་གཉེར་མཁན་ཚན་པའི་དབང་བསྐུར་དང་མངགས་བཅོལ་ཐོབ་ཡོད་མེད། རིན་གོང་སྤར་ནས་འཚོང་བའི་བྱེད་སྤྱོད་ཡོད་མེད། སྒྲིག་གཞི་དང་མི་སྒེར་ལ་སྤ་སེ་བར་ཚོང་གི་ཞབས་ཞུ་མཁོ་འདོན་བྱས་ཡོད་མེད་སོགས་གཙོ་གནད་ཐོག་ཞིབ་བཤེར་བྱ་རྒྱུ་རེད། སྒྲིག་འགལ་ངང་སྤ་སེ་འཚོང་བའི་དྲ་ཐོག་ཚོང་ཁང་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་བཀོད་སྒྲིག་བྱས་ཏེ། དྲ་ཐོག་ཚོང་ཁང་2600ལྷག་ལ་ཆེད་དོན་གཙང་བཤེར་བྱས་པ་དང་པེ་ཅིང་དང་ཧྲང་ཧའེ་སོགས་ས་ཁུལ་19ཡི་སྒྲིག་འགལ་ངང་སྤ་སེ་གཉེར་སྐྱོང་གི་བྱེད་སྤྱོད་སྤེལ་མཁན་དྲ་ཐོག་ཚོང་ཁང་143ལ་ཞིབ་བཤེར་རྩད་གཅོད་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
              འཁྲབ་སྟོན་གཉེར་མཁན་ཚན་པ་ཁག་གཅིག་གིས་ཁྲིམས་གཏན་འོས་འགན་ལག་བསྟར་མ་བྱས་པ་དང་། ཆོག་མཆན་མེད་པར་འཁྲབ་སྟོན་སྤ་སེ་བཙོངས་པ། རང་དགར་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་སྒོ་གཉེར་བ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་ལ་དམིགས་ཏེ། རིག་གནས་དང་ཡུལ་སྐོར་པུས་སི་ཁྲོན་ཞིང་ཆེན་དང་། ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྲོང་ཁྱེར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དབྱིང་ཁྲོན་གྲོང་ཁྱེར་སོགས་ས་ཆའི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་སྒྲིག་གཞི་བཀོད་སྒྲིག་བྱས་ཏེ་ཁྲིམས་ལྟར་འཁྲབ་སྟོན་ཁྲོམ་རའི་གྱོད་གཞི་ཚབས་ཆེན་ཁག་གཅིག་ཞིབ་གཅོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།